R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༦༨ན-༥༢༥
[A:༡༦༨ན-༥༢༥] ༄༅། །རང་རེ་རྣམས་འདུལ་བའི་སྐལ་བ་ཡོད་པར་དགོངས་ཏེ། བསོད་ནམས་སྤེལ་བའི་སླད་དུ་མཛད་པ་འདི་བསྟན་མོད་ཀྱི། བྱིས་པ་ཚེ་འདི་ལ་ཞེན་པར་སྤྱོད་པ་དག་ནི་བདག་ཅག་གི་བླ་མ་དེ་དུས་འདི་དང་འདི་ཞེས་བྱ་བ་ལ་འདས་སོ་ཞེས་སྡུག་བསྔལ་བདག་གིར་བྱེད་པ་རྣམས་ཤིན་ཏུ་མ་ཤེས་པ་ཡིན་ལ། བདག་ནི་དམ་པ་དེ་དང་རྣམ་པ་ཐམས་ཅད་དུ་འབྲལ་བ་མེད་པའི་བློ་ཐོབ་པས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཐུགས་རྗེ་ཆེན་པོ་དང་བདག་ཉིད་རོ་མཉམ་པར་གྱུར་ཏེ། དེའི་ཐུགས་ཀྱི་དགོངས་པ་རྫོགས་པར་བྱེད་པའི་ཟག་མེད་ཀྱི་དགེ་བས་བསྐལ་བའི་བར་དུ་འགེངས་པར་སྨོན་པ་ཡོད་དོ། །ཁྱེད་རྣམས་ཀྱང་དེ་དང་མཐུན་པར་ཟག་བཅས་དང་ཟག་མེད་ཀྱི་དགེ་བ་སོགས་ཐུགས་དགོངས་རྫོགས་པའི་རིམ་པ་ལ་འབད་ཅིང། ཐ་མལ་པ་རྣམས་ལྟར་སེམས་ལས་བྱས་པ་ལ་དགོས་པ་མེད་པས་དེ་བཞིན་ངེས་པ་གལ་ཆེ། རྟེན་བཅས་སོགས་རྒྱ་ཆེན་བསྐུར་ན་ལམ་མགོ་མ་ཐོན་དོགས་པ་ཡིན་ཞིང། འོན་ཀྱང་སྟོང་པ་མིན་ཙམ་དུ་གོས་ཁ་གང་ལ་བརྟགས་འབྱར་བ་མཆིས། ཧོར་ཟླ་བདུན་པའི་ཡར་ཚེས་ལ་རྩེ་ལྷ་སྒང་ནས་བྲིས། ཅེས་པ་མི་དབང་ཡུམ་སྲས་ཀྱི་སྤྱན་རས་ཀྱི་དཔལ་དུ་འཛིན་པ་མཛད། དེ་ནས་ཡིད་བཞིན་གྱི་ནོར་བུའི་གདུང་རིན་པོ་ཆེ་སྤྱན་འདྲེན་པར་བརྩོན་པ་ན། གདུང་རབས་པ་རང་བྱོན་རིང་བསྲེལ་དང་བཅས་པ་རྣམས་ནི་མི་མ་ལགས་པའི་གདུལ་བྱ་རྣམས་ཀྱིས་སྤྱན་དྲངས། ཀུ་