R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༨ན-༢༢༥
[A:༡༨ན-༢༢༥] ཆུ་འདུས་དབོན་པོ་བ་སོགས་ཁ་ཡར་བྱོན་པས་རྒྱན་བགོས་ཀྱི་ཕུག་པ་བྱང་པ་རྣམས་ལ་བྱིན། དཔོན་སློབ་རྣམས་ཀྱིས། དགེ་བཤེས་ནམ་མཁའ་སེང་གེས་བཀོད་པ་དང་ལག་ལེན་བྱས། ཕུག་པ་རྣམས་ཀྱི་ལྟག་བ་ས་གད་ཆེན་པོ་ཅིག་ཡོད་པའི་རྐེད་པ་བཅད་དེ། སྤྱིར་ཕུག་ལེགས་ཤིང་བརྩན་ས་ཞིག་སྦྲུས། དེ་ལ་དཔེ་བྱས་ལྷོ་པ་རྣམས་ཀྱིས་ཀྱང་དེ་ཀ་བཞིན་སྦྲུས་ཏེ་ཕུག་པ་རྣམས་ཀྱང་ལེགས་པར་གྲུབ་ནས་གསུང་ཆོས་ལྷག་པར་འཕེལ་བ་བྱུང། དེའི་ཚེརྗེ་ཉིད་ནི་འདོད་སྲེད་ཅན་ཡོ་བྱད་ཀྱིས་དྲེགས་པ་རྣམས་ཀྱི་གཉེན་པོ་ལ་དགོངས་པའི་སྔོན་གྱི་སྨོན་ལམ་མཐུ་བརྩན་པའི་དབང་ལས་གསོལ་ཆས་སོགས་བཀྲེན་ཙམ་ཡོད་པ། གསོལ་ཆས་ལ་ཕན་པའི་ཕྱིར་སྐུ་ཟླམ་འདི་བཞི་དང་བསྒྱུར་དགོངས་པ་ལ། སྐྱེས་བུ་གཡོ་ཅན་ཅིག་དང་ཐུགས་ཏེ་སྐོང་ཇ་སྟག་དྲུག་ཕུལ་བ་དང་མཛད། ང་རང་ལ་བཞི་ཡོད་པས་ཐོག་མར། སློབ་དཔོན་པ་ལ་གསོལ་ཇ་ཅིག་ཞུ་སྙམ་སྐུ་མདུན་དུ་བྱོན་ཇ་གཟིགས་ཕུལ་བས། ཁྱེད་ཀྱིས་ཇ་གང་ནས་བྱུང་གསུང་བ་ལ་སྐྱེ་རྒྱུད་ཞུས་པས། ཨ་ཁ་ཁ་ལེགས་པོ་མིན་པར་འདུག། བྱམས་པ་མཆོག་གིས་དེ་རང་གི་ཇ་ཁུག་ནས་ཇ་སྦྱོར། ཁོང་གི་ཇ་དེ་ཡང་ཁྱོད་ཀྱིས་ཕ་བུ་བཞིན་ལ་ཚོངས་ལ་ཆས་ཁ་ལ་ཅི་ཕན་གྱི་གྲོགས་དན་གྱིས་གསུང་ཞིང། ཇ་དང་གུང་ཚིག་གནང། ཐེགས་ཀར་ཁྱེད་ལ་ཆས་ཁ་ཆེར་ཡོད་པའི་ངེས་པ་མེད་གསུང་གསོལ་ཞིབ་མཚོན་པའང་གནང། དེ་ནས་མི་རིང་