R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༨བ-༢༢༦
[A:༡༨བ-༢༢༦] བརཉེ་གནས་པ ས་ཇ་དེ་ཡང་བཙོང་བསྒྱུར་བྱས་ཉག་ཁལ་ལོངས་འདུག་པ་ལ་བརྟེན་ནས་གསན་སྦྱོང་ཤིན་ཏུ་སྨར་བ་བྱུང།
དེ་རྗེསདཔོན་སློབ་སྤྱི་དམངསགསང་ཕུའི་དབྱར་ཆོས་ལ་ཐེགས། དེའི་ཚེརྗེ་ཉིད་གསོལ་ཆས་སོགས་ཀྱང་གཏུགས་ཙམ་ཡོད་པས་གྲོགས་མཆོད་ཀྱི་ལྷུ་ཡང་སྙེགས་དཀའ་ཞིང། ཕྱགས་ཕྱི་མང་བའི་ཤུགས་ཀྱིས་གསན་སྦྱོང་ལའང་ཅུང་ཟད་གནོད་པ་ལ་བརྟེན། སྤྱི་ཕུག་གི་ཉེ་ལོག་དུ་ཕུག་པ་ཅིག་སྦྲུ་བའི་དགོངས་པ་གཏད། རིགས་གཏེར་འགྲེལ་བ་ནག་འཛིན་མཛད་བཞེད་པས་ཕུག་པ་རང་དུ་བཞུགས་ཏེ། སྔ་རྒོངས་ཐུགས་འཛིན་དང། ཉིན་གུང། ར་ཅོ་དང་། རྡོ་འཇུར་སོགས་ཀྱིས་ཕུག་པ་སྦྲུ་བ། བཤར་སྦྱང་དང་མཉམ་དུ་མཛད། དུས་དེར་ཡང་གསོལ་ཆས་འཛང་ཙམ་བྱུང་དུས། ཕུག་པའི་མདུན་གྱི་གད་སྟེངས་ན་གནས་ཚང་པའི ཞིང་ཅིག་ལ་སྲན་མ་བཏབ་ཡོད་པས། དེ་ནས་གང་བུན་ནང་ལ་ཕུག་བླངས་ཏེ་བརྗེན་པར་བཞེས་པ་གསོལ་བའི་གོ་ཆོད་པ་ཅིག་ཡོད་པ། ཉིནཅིག་གནས་ཚང་པའི་བླ་མ་ཤཱཀ་རིན་ས་ཞིང་བསྐོར་དུ་བྱོན་ཏེ། ཞིང་སྟེངས་ནས་ཅི་གནང་གི་ཡོད་པ་ལགས་གསུང་བ། ཕུག་པ་ཅིག་སྦྲུ་ཞིང་ཡོད་པ་ཡིན་གསུངས་པས། ལག་ཆ་ཅི་འདྲ་ཡོད་ཞུ་བལ་ལ་ར་ཅོ་དང་རྡོ་ཕུར་བསྟན་ཏེ་འདི་འདྲ་བས་རིམ་པས་ནུད་སྲིང་བ་ཡིན་གསུང། དེ་འདྲ་ག་ལ་འོང། ངེད་ཀྱིས་ཏོག་ཙེ་དང་རྗག་མ་ཕུལ་བས་ཆོག་གསུང་ཏེ། དེ་རྒོངས་ཏག་ཙེ་རྗག་མ་དང།