R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༩བ-༢༢༨
[A:༡༩བ-༢༢༨] པས་ཁྱེད་ངའི་མདུན་དུ་བྱོན་དང། དེང་ར་ཁ་པའི་མི་རིགས་ཡིན་མིན་ངས་བརྟག་གི་གསུང་ཞིང། ཕྱག་ལ་འཇུས་ཏེ་ལེགས་པར་བརྟགས་ནས། དེང་ར་ཁ་པའི་མི་རིགས་ཤིན་ཏུ་ཡིན་པར་འདུག། བུ་ཆུང་གཉིས་ཀྱིས་ཞབས་ཏོག་ལེགས་པར་ཞུས་ཤིག་གསུང། ཞག་གཉིས་བཞུགས། ཞབས་ཏོག་བཟང་པོ་ཞུས། ཐེགས་ཁར་གསང་ཕུར་གསན་སྦྱོང་གནང་ཚུལ། འཚོ་བའི་ཡོ་བྱད་གདོན་ནད་བྱུང་ཚུལ། བྲག་ལ་སྒོམས་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གི་དཔེ་ཡང་སྙེད། མཐུན་རྐྱེན་དགོས་ཚུལ་གནང་བས། ནས་ཁལ་གཉིས་ཕུལ་བྱུང་བ་བསྣམས་ནས་ཕྱིར་ཕེབས། དྲོད་ ཡང་ན། རྔོད་ཐག་མཛད།
Back at gSang phu?, autumn teachings དེ་ནསགྲ་ཚང་དཔོན་སློབ་ཀྱང་ཕེབས། མེ་ཏོག་པ་རྣམས་ཀྱང་སོ་སོར་གྱེས། སྟོན་ཆོས་པ་རྣམས་ལ་གསུང་ཆོས་ཚུགས། གཙོ་བོར་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལའབྲིང་རྣམ་ངེསབསྡུས་པ་རིགས་ཐིགས་ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། གཏན་ཚིགས་ཐིག་ཐིགས་པ། རྒྱུད་གཞན་གྲུབ་པ། འགྲེལ་འབྲེལ་བ་བརྟག་པ། རྩོད་རིགས་ཏེ་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ། བདག་ཉིད་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མའི་བསྟན་བཅོས་སྡེ་བདུན། དེ་རྣམས་ཀྱི་དགོངས་དོན་ཕྱོགས་ཅིག་ཏུ་བསྡུས་ནས་སྟོན་པ། རྗེ་བཙུན་ས་པཎ་གྱིས་མཛད་པའི་ཚད་མའི་བསྟན་བཅོས་རིགས་པའི་གཏེར་ལ་སོགས་པའི་སྤྱི་ཊཱིཀ། གངས་རིས་བསྐོར་བའི་ལྗོངས་འདིར་གྲགས་ཚོད་དུ་ཆེ་བ་ཕལ་མོ་ཆེ་དང། སློབ་དཔོན་སེང་གེ་བཟང་