R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༠ན-༢༢༩
[A:༢༠ན-༢༢༩]༄༅། །པོས་མཛད་པའི་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་དང། དེའི་ཊཱིཀ་རོང་སྟོན་ཤེས་བྱ་ཀུན་རིག་གིས་མཛད་པ། མཁས་པའི་དབང་པོ་ཉིད་ཀྱིས་མཛད་པའི་ཡན་ལག་རྒྱས་བཤད་སྦྱོར་ཊཱིཀ་སོགས་གསན་ཞིང། གསང་ཕུའི་དབྱར་ཆོས་དགུན་ཆོསའཕྲང་པོའི་དཔྱིད་ཆོས། གཞན་ཡང་འབེ་མཁརསྲིན་པོ་རིཤེལ་གྲོང་ལ་སོགས་པ་ཆོས་བར་གྱི་གནས་རྣམས་སུ་རེ་མོས་ཀྱི་གྲ་ཚང་གི་ཕྱག་ཕྱིར་བཞུགས་ཤིང་གསན་པ་མཐའ་ཡས་པ་མཛད། དགུང་ལོ་ཉེར་ལྔ་པ་ཤིང་མོ་ལུག་ལ་གྲ་ས་རང་ལུགས་ཀྱི་སྲོལ་དང་མཐུན་པར་རིག་ཆེན་གྱི་རྒྱན་སྐྱུར། དེ་དུས་གོང་དུ་སྨོས་པའི་བསྟན་བཅོས་རྩ་འགྲེལ་དེ་རྣམས་ཀྱི་བརྗོད་བྱའི་དོན་ལ་ཤེས་བྱའི་སྤྱན་ལྷག་པར་རྒྱས་པ་ལྟ་ཅི་སྨོས། ཚིག་རིས་རྣམས་ཀྱང་ཐུགས་ཐོག་ནས་ཐོན་པས་ཕྱིར་རྒོལ་བ་མཐའ་དག་གི་སྤོབས་པ་འཕྲོག་ནུས་པར་གྱུར་ཏོ། །ལྟ་བ་དང་གྲུབ་མཐའི་བཤད་སྲོལ་ལོག་པ་མང་པོ་སུན་དབྱུང་སྟེ་ཡང་དག་པའི་ལམ་ལ་སྦྱོར་བར་མཛད།
Studies under Yongs 'dzin [bsTan pa rab gsal] and Rin chen rgyal mtshan [at gSang phu]དེ་ནསཡོངས་འཛིན་ཆེན་པོ་དེ་ཉིད་དང་། མཁས་པའི་དབང་པོ་རིན་ཆེན་རྒྱལ་མཚན་སོགས་ལ་བརྟེན་ནས། གཙོ་བོར་འཕགས་པ་བྱམས་པས་མཛད་པའི་བྱམས་ཆོས་ཕྱི་མའཕགས་པ་ཐོགས་མེད་ཀྱི་མཛད་པའི་ས་སྡེ་ལྔསྡོམ་རྣམ་གཉིསཔྲ་ཀ་ར་ཎ་སྡེ་བརྒྱད་ལ་སོགས་པ་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ། གཞན་ཡང་དེ་ཉིད་ཀྱིས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་ཆེནམངོན་པ་ཀུན་ལས་བཏུས་པའི་འགྲེལ་པས་བཟངས་