R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༢ན-༢༣༣
[A:༢༢ན-༢༣༣] མཛད།
Byams pa gling Summer Teachings དེ་དུསདཔལ་བྱམས་པ་གླིང་པ་ཆེན་པོ་མི་ཕམ་དགའ་བའི་བཤེས་གཉེན་འཇིགས་པ་མེད་པ་ཕྱོགས་ཀྱི་གོ་ཆ་བསོད་ནམས་རྣམ་པར་རྒྱལ་བ་དབང་པོའི་སྡེའི་ཞལ་སྔ་ནས་དང། རྒྱལ་བའི་གསུང་རབ་མཐའ་དག་གི་ཆོས་ཀྱི་སྤྱན་གཅིག་པུར་གྱུར་པ་སྐད་གཉིས་སྨྲ་བའི་དབང་པོ་ལོ་ཆེན་བསོད་ནམས་རྒྱ་མཚོའི་སྡེ་དཔོན་སློབ་གཉིས་ཀྱི་བཀའ་ཇི་ལྟར་སྩལ་བ་བཞིན། དཔལ་རྣམ་ཐོས་བུའི་མངའ་ཐང་དང་ལོངས་སྤྱོད་ལ་འགྲན་པ་ལྟ་བུའི་ནོར་འཛིན་གྱི་ཐིག་ལེ་ཆེན་པོ་ཆོས་ཀྱི་རྒྱལ་པོ་རིན་ཆེན་བཟང་པོ་ཡབ་ཡུམ་སྲས་དང་བཅས་པས་ཕྱག་ལེན་ལ་བཏབ་པའི་བཀྲ་ཤིས་སྒོ་མང་ཅན་ཐོས་པས་རྣམ་པར་གྲོལ་བའི་མཆོད་རྟེན་ཆེན་མོ་དང། རྒྱལ་བའི་རྒྱལ་ཚབ་ཆེན་པོའི་སྐུའི་སྣང་བརྙན་དང་བཅས་པ་རང་བྱོན་ལྟ་བུར་ལེགས་པར་ཞབས་སུ་བྱོན། རྒྱ་གར་འཕགས་པའི་ཡུལ་ནས་ཤར་རྒྱ་ནག་པོའི་རྒྱལ་ཁམས་ཀྱི་བར་ལ། སྙན་གྲགས་ཀྱི་རྔ་བོ་ཆེ་སྒྲོག་པའི་དཔལ་བྱམས་པ་གླིང་གི་ཆོས་སྡེ་ཆེན་པོ་ཡང་ལེགས་པར་དར་རྒྱས་སུ་མཛད་པ་ལས། དབྱར་ཆོས་ཆེན་མོ་ལ་སྤྱན་དྲངས་པའི་དགེ་འདུན་གྱི་སྡེ་ཡང། མཁས་པའི་དབང་པོ་དཔོན་སློབནཱ་ལནྜ་ནས་སློབ་དཔོན་ཤེར་དབང་པ་དཔོན་སློབ། ཆེན་པོ་རྩེ་ཉག་པ་དཔོན།