R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༢བ-༢༣༤
[A:༢༢བ-༢༣༤] སློབ་སོགས་མཚན་ཉིད་གྲྭ་ཚང་གཏོས་ཆེ་བ་དང། གཞན་ཡང་ལོ་ཙཱ་བ་ཆེན་པོ་དེ་ཉིད་ཀྱི་སྙན་པ་ལ་བརྟེན་ནས། གསུང་གི་བདུད་རྩིའི་དགའ་སྟོན་ལ་སྙེགས་པའི་མཁས་གྲུབ་ཀྱི་སྐྱེས་བུ་བགྲང་བ་ལས་འདས་པ་གདུལ་བྱར་འདུས་པ་ལ། ས་སྡེ་ལྔ་ལ་སོགས་པ་མདོ་རྒྱུད་མཐའ་ཡས་པའི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར་བཞིན་བའི་སྐབས་སུ། མཁས་གྲུབ་ཀྱི་འདུན་པ་ཆེན་པོ་དེ་དག་ཏུ་བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་རྣམས་དཔང་དུ་བཙུགས་ཏེ། ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་སྡེ་སྣོད་གསུམ་གྱི་བརྗོད་བྱའི་དོན་ལ་བཀའི་བགྲོ་བ་མཛད་པ་ན། གནས་ལྔ་རིག་པའི་རབ་འབྱམས་པ་ཆེན་པོ་ལེགས་བཤད་པའི་གསུང་ལས། "ད་ལྟ་འདིར་གདན་འཛོམ་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་དབུས་ན། ཆོས་མངོན་པའི་སྡེ་སྣོད་ལ། བསྟན་གཅིག་འཛིན་པ་ཆོས་གྲུབ་པ་ལས་རང་དབང་དུ་གྱུར་བ་མི་འདུག"་ཞེས་བསྟོད་ཅིང་བསྔགས།
Great Prayer Festival at Byams pa gling, debate with Jo stan sMon lam pa དེ་ནས་སྨོན་ལམ་ཆེན་མོ་ཚུགས་ཤིང། སྐྱེ་བོའི་ཚོགས་གྲངས་དཔག་ཏུ་མེད་པ་བགྲང་བ་ལས་འདས་པ་བསམ་གྱིས་མི་ཁྱབ་པ་འདུས། དེའི་ཚེ་གུང་ཚིགས་བཞུགས་གྲལ་ལ་གཞི་བྱེས་སྤེལ་བའི་བགྲོས་གླེང་པ་སློབ་བའི་བཀའ་སྲོལ་ཡོད་པ་བཞིན། ཉིན་གཅིག་ཚོགས་བྱེ་རྫིང་པའི་ཇོ་སྟན་སྨོན་ལམ་པ་བྱ་བའི་སྟོན་གྲགས་ཅན་ཅིག འབུམ་མཆོད་པ་ལ་