R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༧བ-༢༤༤
[A:༢༧བ-༢༤༤] འདུལ་བ་ལུང་སྡེ་བཞི་གསན་པར་བཞེད་དེ་རིམ་པར་ཐེགས་དུས། ཟུལ་མདར་བཞུགས་པའི་ཐོ་རངས་མནལ་ལམ་དུ། མཁན་པོ་རིན་པོ་ཆེ་མདུན་གྱི་ནམ་མཁར་ཕེབས་ཏེ། "ཁྱེད་རང་འདི་ནས་ལོག་ལ་འདུལ་བ་བསླབ་ན་ཚོགས་སུ་བྱོན། ཤཱཀ་ཡོན་གྱི་ལག་ན་བྱ་འདུལ་བ་འཛིན་པ་ཆེན་པོའི་འདུལ་བ་མདོ་རྩའི་ཊཱིཀ་ཡོད་པས་དེ་ལ་གཟིགས། གནས་བརྟན་ཁོང་ནི་ཞིང་གཞན་དུ་བཞུད་དགོས"་གསུང་བ་བྱུང་བས། ཐུགས་ཐེ་ཚོམ་གྱི་ཁྱོགས་ལ་འཆང་བ་ལྟ་བུར་གྱུར་ཏེ། བླ་མའི་ལུང་བསྟན་བཞིན་ལོག་ན་ནི་ཨེ་ཝཾ་ནས་རྫོང་དར་གནང་བས་ཐུགས་བས་སུ་གྱུར་དགོས་པ་དང། ཕྱིན་རུང་ངེས་ཤེས་ཤིག་འོང་བ་ཡང་དཀའ། འོན་ཀྱང་ད་རེསསྐྱོར་མོ་ལུང་ཚུན་ཕྱིན་གཏན་བརླིང་ཁའེ་བཅིག་གི་དགོངས་པ་གཏོད་ཐོགས། མགོན་པོ་གདོང་དུ་སྐྱོར་མོ་ལུང་ནས་ཡིན་ཟེར་བའི་དགེ་འདུན་པ་གཉིས་དང་མཇལ་གླེང་མོ་བྱུང་དུས། འདུལ་འཛིན་པཟླ་བ་འདིའི་ཚེས་བཞི་ལ་ཞིང་དུ་གཤེགས་ཟེར་བའི་གཏམ་བྱུང་བས། ལུང་བསྟན་བཞིན་ཕྱིར་ཕེབས་ཏེ། སློབ་དཔོན་ཤཱཀ་ཡོན་པ་ལ་རྩད་བཅད་པས་བྱ་ཊཱིཀ་བྱུང་བ་གཟིགས། གཞན་ཡང་འདུལ་བ་ཚིག་ལེའུར་བྱས་པས། དེའི་འགྲེལ་བ་རྗེ་རོང་པོས་མཛད་པ། ཀརྨ་ཤ་ཏམ། དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་གཞི་འགྲེལ། ལུང་སྡེ་བཞི་ལ་སོགས་པ་མཐའ་དག་ལ་གཟིགས་