R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༨ན-༢༤༥
[A:༢༨ན-༢༤༥] ༄༅། །རྟོག་གནང་བས། དམ་པའི་ཆོས་འདུལ་བའི་སྡེ་སྣོད་ལ་ཉེ་བ་འཁོར་གཉིས་པ་ལྟ་བུར་གྱུར་ནས། ཕྱིསམཆོག་གི་སྤྲུལ་པའི་སྐུ་ཞྭ་དམར་ཅོད་པན་འཛིན་པ་བཞི་པའི་བཀས་བསྐུལ་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་ཁ་ཆེ་པཎ་ཆེན་གྱི་བར་དང། དེ་ནས་དིང་སང་གི་བར་དུ་ལྷད་ཀྱིས་མ་སླད་པའི་མཐོང་བ་བརྒྱུད་པ་མ་ཉམས་པ། ཚོགས་སྡེ་བཞིའི་ལག་ལེན་རྣམ་པར་དག་པ་དང། གོ་བསྟུན་པའི་གཞི་གསུམ་གྱི་ཆོ་གའི་རྣམ་བཞག་དང། དེ་དག་ནམ་གྱི་ཚེ་བྱ་བའི་དུས་འཁྲུལ་མེད་དུ་གཏན་ལ་འབེབས་པའི་དུས་ཚིགས་ཀྱི་ངེས་པ་དང་བཅས་པ་ཐུགས་རྩོལ་ཡང་གནང། དམ་པའི་ཆོས་འདུལ་བའི་བསྟན་པ་ཉི་མ་ཤར་བ་ལྟར་གྱུར་ཏོ། །དེ་ལྟར་ཡང་གསུང་ཚིགས་སུ་བཅད་པ་ལས། ལྕགས་ཕོ་བྱི་ལོཕོ་བྲང་སྣེའུ་གདོང་རྩེར།བསྟན་པའི་རྩ་ལག་ཚོགས་པ་སྡེ་བཞི་རྣམསསྤྱན་དྲངས་དབྱར་གནས་མཛད་ཚེ་དགེ་འདུན་དབུས།ལུང་རིག་ཡོན་ཏན་འབྲིང་པོར་ཆུག་ཙམ་བྱུང།དེ་ཚོ་ཆོས་དབང་སྤྲུལ་པ་གོང་མའི་དྲུང་།དུས་ཀྱི་འཁོར་ལོ་རྡོ་རྗེ་ཕྲེང་བའི་དབང།བསྡུས་རྒྱུད་དྲི་མེད་འོད་ཀྱི་བཤད་ལུང་སོགས།བསོད་ནམས་དབང་གིས་བཀའ་ལུང་ཆེ་ལོང་ཐོབ།གཞན་ཡང་རབ་འབྱམས་བདེ་བཟང་པ་ལ་སོགས།ལེགས་པར་བསྟེན་ནས་ཐ་སྙད་གཙུག་ལག་དང།དུས་ཀྱི་འཁོར་ལོའི་རྩིས་སོགས་ཕྱོགས་མཐོང་བྱས།སླར་ཡང་