[A:༢༨བ-༢༤༦]ཆོས་ཀྱི་རྒྱལ་པོ་ཨེ་ཝཾ་པས།
།རྐྱེན་སྦྱར་འདུལ་འཛིན་དགེ་ལེགས་དཔལ་བའི་དྲུང།
།བསྟན་པའི་རྩ་ལག་འདུལ་བ་ལུང་སྡེ་བཞིའི།
།ཐོས་བསམ་བྱེད་པར་བརྩམས་ཏེ་རིམ་གྱིས་བཏེག།
།ཟུལ་མདར་སླེབ་བསླེབས་ཚེ་ཐོ་རངས་རྨི་ལམ་དུ།
།ཡན་ལག་འབྱུང་ལྡན་མཁན་ཆེན་རིན་པོ་ཆེ།
།མངོན་སུམ་སྣང་བ་ལྟ་བུར་གྱུར་ནས་ནི།
།འདུལ་འཛིན་པ་ནི་དག་པའི་ཞིང་དུ་བཞུད།
།ཚོགས་སོང་ཤཱཀ་ཡོན་ལག་ནས་བྱ་ཊཱིཀ་ལྟོས།
།ཞེས་གསུངས་མཁའ་ལ་ཡལ་བའི་སྣང་བ་བྱུང།
།དེ་ནས་ཕྱིར་ལོག་ལུང་བསྟན་ཇི་བཞིན་དུ།
།བྱ་ཊཱིཀ་སོགས་ལ་ཐོས་བསམ་བྱས་པ་ཡིས།
།སྡེ་སྣོད་འདི་ལ་རང་དབང་གྱུར་སྙམ་བྱུང།apparently from Chos grub seng ge's lost autobiography
།ཞེས་འབྱུང། ཆེད་དུ་བརྗོད་པ་དེ་དག་གིས་ནི། ཡོངས་སུ་འཛིན་པའི་བཤེས་གཉེན་དམ་པ་བསྟེན་ཏེ། ཐོས་བསམ་མཛད་པའི་ཚུལ་གྱི་རྟོགས་པ་བརྗོད་པ་ཆེ་ལོང་ཙམ་སྨོས་པའོ།
Spiritual Accomplishements།བཞི་པ་གྲུབ་པའི་དབང་པོ་དུ་མ་ལས་ཟབ་མོའི་གདམས་པ་གསན་ནས་མཆོག་གི་གྲུབ་པ་བརྙེས་ཚུལ་ནི།དེ་ནས་གཞིས་ཁ་གོང་དཀར་གྱི་བཞི་སྡེ་དབུ་མཛད་རྗེ་ཉིད་ཀྱི་ཁུ་བོ་བཀྲ་ཤིས་ཆོས་གྲུབ་པ། ཚོགས་ཀྱི་ཞལ་ཏའི་ཁུར་བཞེས་ལ་ཕེབས་པའི་སྐུ་ཚབ་དུ་རྗེ་ཉིད་ཀྱིས་བཞི་སྡེར་བཞུགས།
སྐབས་དེ་དག་ཏུ་གཞིས་ཁ་རིན་སྤྲུངས་ལ་སོགས་པའི་དབུས་གཙང་གི་དུས་སུ་ཕལ་མོ་ཆེ་ཡང་ཀླུངས་སུ་ཕེབས།
Kun dga' legs pa invites to mKhar thogགོང་མ་ཀུན་དགའ་ལེགས་པ་མཁར་ཐོག་ཏུ་སྤྱན་དྲངས་པ་སོག་སྙིགས་