[A:༣བ-༡༩༦] མཐའ་ཡས་པ་བྱོན་པའི་གནས། བཅོམ་ལྡན་འདས་པད་མ་དབང་ཆེན་གྱི་ཕོ་བྲང་དངོས་ཡིན་པས་བགེགས་རིགས་གདུག་པ་ཅན་རྣམས་ཀྱིས་དུས་ཐམས་ཅད་དུ་མེ་དཔུང་ཆེན་པོ་འབར་བའི་རྣམ་པར་མཐོང་བས་མེ་སེར་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དུ། ཡབ་ཇོ་བོ་རྗེ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་བརྒྱ་དང་བརྒྱད་བྱོན་པར་ལུང་བསྟན་པའི་གདན་ས་ཆེན་པོ་གནས་སྙིང་སོགས་འདེབས་པ་པོ། ཡོལ་རིག་པ་འཛིན་པ་ཆེན་པོའི་གདུང་ལས་གྱེས་པ་འགྲོ་མགོན་གཙང་སྨྱོན་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་གདུང་ཡིན་ལ།
On 'Gro mgon gTsang smyon chen po aka sTag gzigs dpalགཙང་སྨྱོན་ཆེན་པོ་དེ་ཉིད་ཀྱང། ཉང་སྟོད་སྟག་ཚལ་ཁའུ་རྫིང་ཁར། ཡབ་རྒྱ་གར་རྡོ་རྗེ། ཡུམ་གནས་གནས་བཀྲ་ཤིས་རྒྱན་གྱི་སྲས་སུ་སྐུ་བལྟམས་ཏེ། མཚན་སྟག་གཟིགས་དཔལ་དུ་བཏགས། དགུང་ལོ་བཞི་ལོན་པའི་དུས་སུ། ཡུལ་དེར་ལོ་རོ ཆུ་ཁྱེར་ཞེས་བའི་གྲུབ་ཐོབ་ཆེན་པོ་ཅིག་བྱོན། དེའི་དྲུང་དུ་ཡུམ་གྱིས་སྲས་རྒྱབ་ཏུ་ཁུར་ཏེ། བྱིན་རླབས་ཞུས་པས། ལོ་རོའི་ཞལ་ནས། བུ་འདིར་ཁྱོག་དང་གསུང། བཞད་ཐེངས་གསུམ་མཛད། འདི་ལ་ཆོས་པ་རབ་གཅིག་ཡོང་བར་འདུག་གསུང་ལུང་བསྟན། བུ་རམ་གསོལ་འཕྲོ་ཞལ་དུ་བཅུག། དེ་རིག་པ་རྩལ་གྱི་དབང་ཡིན་ནོ་གསུང། ལོ་བཅུ་དྲུག་ནས་ཨར་ཇག་རྐུན་