[A:༤ན-༡༩༧] ༄༅། །གསུམ་ལ་ལས་མཛད། འདྲིས་མེད་ཀྱི་མི་བདུན་དང། ཆར་གཏོགས་གཉིས་ཏེ་དགུ་བསད། དགུང་ལོ་ཉེར་བཞི་བཞེས་པའི་ཚེ་རོང་ཡར་སྲིད་དུ། རྒན་མོ་ཞིག་ལ་བ་བཟང་པོ་ཅིག་ཡོད་པ་རྐུར་བྱོན་པས། རྒན་མོ་དེ་ནུབ་ཟས་ཟོས་པའི་རྗེས་སུ་སྒྲོན་མེ་བཏེག་ཏེ་འོག་ཁང་ཉུལ་དུ་བྱུང་བ། བའི་གྲིབ་མ་ལ་བཞུགས་པ་མོས་མ་མཐོང་པར་སྒོ་ཆ་རྣམས་དམ་པར་བྱས་ལོག་ཏེ། མལ་དུ་ཉལ་སྐྱབས་འགྲོ་ལན་འགའ་བྱས་པའི་མཐར། དཀོན་མཆོག་ཐུགས་རྗེ་ཅན་རྣམས་མཁྱེན། ཡོལ་ལྕགས་སྟག་གཟིག་དཔལ་བདག་གི་བ་རྐུ་བ་ལ་མ་གཏོང་ཞིག་ཟེར་བའི་གསོལ་བ་འདེབས་ཀྱི་འདུག་པ་གསན་པའི་རྐྱེན་གྱིས། ཐེག་པ་ཆེན་པོའི་རིགས་སད་དོ། །ཨ་ཁ་ཁ་རྒན་མོ་འདི་ལ་འདི་ལྟ་བུའི་སྡུག་བསྡལ་འཁོར་མར་འདུག་པ་ལ། ངས་འདི་བས་མ་རུངས་པའི་སྡིག་ལ་བརྟེན་པའི་ལས་ཇི་ཙམ་ཞིག་བྱས། ད་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་ཆོས་ཤིག་བྱེད་དགོས་དགོངས་ཏེ། རྒན་མོའི་བ་རྐུ་བ་བཤོལ་ནས་ཕྱིར་ཕེབས། ཇོ་མོ་དང་སྲས་ལའང་མ་བསམས་པར་ཆོས་འཚོལ་བར་ཐེགས་པས། ལྷོ་བྲག་གཏམ་ཤུལ་དུ། ལོ་རོ་དང་མཇལ་ནས་མིང་མེད་བརྡའི་དབང་བྱ་བ་བཏབ་པས་ཐུགས་དམ་བཟང་པོ་འཁྲུངས། ཕྱིར་བྱོན་