[A:༤༠བ-༢༧༠] འབུམ་ཆེན་མོ་རྣམས་དང། སྤྲུལ་སྐུ་འཇམ་དབྱངས་མགོན་པོའི་ཟབ་དོན་ཐུགས་སྙིང་ལས་སྤྱི་ཁྲིད་དུ་བཤད་པ། ཉམས་ཁྲིད་དུ་བསྟན་པ། ཞལ་གདམས་སུ་གདབ་པ་སྟེ་དོན་སྐོར་གསུམ་གྱི་བདགཉིད་ཅན་གྱི་ཆོས་སྐོར་རྣམས་པ་དང། གཏེར་མའི་སྐོར་ལ། མ་ཅིག་གིས་རྐོང་པོ་མཆོད་རྟེན་ནག་ཆུང་དུ་གཏེར་དུ་སྦས་པ། ཕྱིས་རྒྱལ་སྲས་ཁམས་ཞིག་གིས་སྤྱན་དྲངས་ཏེ་དར་བར་མཛད་པའི་ཆོས་ཀྱི་རྣམས་གྲངས་ལ། ཐོག་མར་ཨཱ་ལི་ཀཱ་ལི་ལ་བརྟེན་པའི་དབང་གི་ཆོ་གས་སྨིན་པར་མཛད་ནས། དེ་ནས་ལྟ་བ་ནམ་མཁའ་སྤྲོས་བྲལ་གྱི་རྒྱུད་ལེའུང་ཉེར་གཅིག་མ། སྒོམ་པ་སེམས་ཉིད་དྲི་མ་མེད་པའི་རྒྱུད་ལེའུ་བཅུ་བདུན་མ། སྤྱོད་པ་སེང་གེ་རྩལ་རྫོགས་ཀྱི་རྒྱུད་ལེའུ་ཉི་ཤུ་མ། འབྲུས་ཉི་མ་མུན་སེལ་གྱི་རྒྱུད་སྟེ་རྩ་བའི་རྒྱུད་བཞི། དྲུད་མཁའ་འགྲོའི་རྒྱུད་ཆུང་བཞི། རྒྱུད་བུ་ཆུང་དང་བཅས་ཏེ་རྒྱུད་ཆུང་ལྔ། དེ་དག་གི་དོན་གཏན་ལ་འབེབས་པ་ལ། བྱད་གཅོད་རྒྱ་མཚོ་ནག་མེར་མ། དཀར་ཆག་འཕྲུལ་གྱི་མེ་ལོང། དཀར་ཆག་ཞལ་གྱི་གདམས་པ། དཀར་ཆག་ལོ་རྒྱུས་མ། སྟོང་ཐུན་རིན་པོ་ཆེ། གཞུང་ཡིད་བཞིན་ནོར་བུའི་དབུ། བཀའ་དོན་ཐོག་ཏུ་བཞག་པའི་གདམས་པ། དཔག་བསམ་ལྗོན་ཤིང་གི་གཞུང། རྩ་བའི་ཚིག་བདུན་མ། བྱུང་ཐེམས་རྣམ་པ་གསུམ། བསྡུས་དོན། སྙན་བརྒྱུད་དོན་ཁྲིད།