[A:༤༡ན-༢༧༡] ༄༅། །འཁོར་འདས་རྩད་ཆོད། གཞུང་ཡིད་བཞིན་ནོར་བུ་དང། མན་ངག་ཡིད་བཞིན་ནོར་བུ་གཉིས་ཀྱི་གདམས་པ། གཞི་ལམ་འབྲས་བུའི་ངོ་སྤྲོད། ཡང་དག་ངོ་སྤྲོད་བཞི་པ། མན་ངག་སྐོར་བཞིའི་རང་གཞུང། འཁྲུལ་ཞིག་རྩད་གཅོད་ཀྱི་གདམས་པ། སྙན་བརྒྱུད་བདུད་རྩི་བུམ་པ། ཤེས་བྱ་གཤིས་ཐོག་ཏུ་གཞག་པ་བདུན་རྩི་བུམ་ཆུང་། སྙིང་གཏམ་ཉམས་མྱོང་གི་མན་ངག། གནད་བཞི་གང་ཟག་གི་ལམ་འཁྱེར། ཤེས་བྱ་ཆིག་ཆོད། སྐོར་བཞིའི་སྙིང་གཏམ། ཟབ་མོ་གནད་ཀྱི་ཁྲིད། ཡི་གེ་གཅིག་མའི་གདམས་པ། ཁ་འཐོར་ཤིང་ལོ་རྒྱས་པ། གེགས་སེལ་གསལ་བའི་སྒྲོན་མེ། གཅོད་ལག་ཁྲིད་མ། མན་ངག་འཁྲུལ་གཞི་རྩད་གཅོད། ངོ་སྤྲོད་ཞལ་གྱི་གདམས་པ། གསང་སྐོར་ལོ་རྒྱུས། ལུང་བསྟན། བཀའ་བརྒྱུད་དོན་གྱི་གདམས་པ་གཅོད་ཡུལ་ཆེན་མོ། འཇམ་དཔལ་སྨྲ་སེང་གི་སྙན་བརྒྱུད་རྣམས་ཡོངས་སུ་རྫོགས་པ་དང། མཁས་གྲུབ་ཨུ་རྒྱན་པའི་གདམས་པ་བསྙེན་སྒྲུབ་ཕྲེང་སྐོར་དང་བཅས་པ་མ་ཚང་བ་མེད་པ་། རྒྱལ་བ་ཡང་དགོན་པའི་རི་ཆོས་སྐོར་ཕལ་ཆེན་རྫོགས་པ་དང ། གཞན་ཡང་མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་མགོན་པོ་ཚེ་དང་གེད་ནང་སྒྲུབ་ལྷ་བཅུ་བཞིའི་དབང། ཚེ་སྒྲུབ་རྒྱུན་གྱི་ཞལ་གདམས་ཐུན་མོང་མ་ཡིན་པའི་ཟབ་གནད། རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་རྗེས་སུ་གནང་བ།