[A:༤༡བ-༢༧༢] ཕྱག་ན་རྡོ་རྗེ་ཨུ་ཙཱརྱའི་དབང། འཇམ་དབྱངས་དཀར་པོའི་རྗེས་གནང་སྒྲུབ་ཐབས་ལས་ཁ་ཚར་དང་བཅས་པ། ཕག་མོ་ཤེས་རབ་གསལ་བྱེད་ཀྱི་རྗེས་གནང། སློབ་དཔོན་ཀྐོ་བྱིན་གྱི་རྒྱ་གཞུང། ས་བཟངས་མ་ཏི་པཎ་ཆེན་གྱིས་མཛད་པའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། མཁའ་འགྲོ་མ་སེང་གེ་གདོང་ཅན་གྱི་རྗེས་གནང་སྒྲུབ་སྐོར་ལས་ཚོགས་དང་བཅས་པ་དབང་ལུང་གདམས་པ་ཟབ་ཅིང་རྒྱ་ཆེ་བ་གསན་པ་ལས་ལྷག་པར་བཀའ་དྲིན་ཆེ་བའི་ཡོངས་འཛིན་དུའང་ཞལ་གྱིས་བཞེས། རྒྱལ་མཚན་རྩེ་མོར་ནོར་བུ་རིན་པོ་ཆེ་ལྟར། །གཙུག་གིས་བསྟེན་ནས་གུས་པས་གསོལ་བཏབ་ན། །སྲིད་ཞིའི་དགེ་ལེགས་ཆར་བཞིན་འབེབས་མཛད་པ། །གྲུབ་པའི་དབང་ཕྱུག་ཕྲིན་ལས་བཟང་པོས་སྐྱོངས། །ཤེས་ཞེས་པ་ལ་སོགས་པའི་བསྟོད་པའང་མཛད་དོ། །
དེ་ནས་མེ་ཕོ་རྟ་ལ་ཚོགས་སྡེ་ཆེན་མོ་དབུས་སུ་ཕེབས། སྐྱེས་མཆོག་སྨོན་ལམ་པའི་ཐུགས་སྲས་གྲུབ་ཆེན་བསོད་ནམས་དཔལ་བཟངས་པའི་དྲུང་དུ། མ་ཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེད་དཔག་མེད་ལྷ་ཅིག་བུམ་གཅིག་གི་དབང། དེའི་ཚེ་ཁྲིད་སྙན་བརྒྱུད་རྗེ་འབབ་ར་བས་གསལ་བར་མཛད་པའི་སྟེངས་ནས་མྱོང་ཁྲིད་དང་བཅས་པ། དཔལ་རྟ་མཆོག་དབང་གི་རྒྱལ་པོ་གསང་སྒྲུབ་སྐྱེར་སྒང་ལུགས་སུ་གྲགགས་པའི་དབང་བཞི་གཏོར་དབང་སྒྲུབ་སྐོར་ལས་ཚོགས་དང་བཅས་ཡོངས་སུ་རྫོགས་པ་གསན་ཏེ། བསྐྱེད་པའི་རིམ་པས་བསོད་ནམས་ཚོགས་རྫོགས་ཤིང། །ཕྱག་