[A:༥ན-༡༩༩] ༄༅། །ཁྱོད་རང་ལ་ཆོས་རྒྱགས་དགོས་གསུང་མ་བཞེས་པ་ལ། བདག་ལ་ཆོས་རྒྱགས་རེ་ས་ཅིག་ཡོད་བཞེས་པར་ཞུ་ཞུས་པས། ཁྱོད་མི་རྒོད་རང་ཡིན་རེ་ས་ག་ན་ཡོད་ཤོད་གསུང་བ་ལ། ང་རབ་ཏུ་འཕགས་པ་ལ་གདམས་ངག་ཞུས། ཉམས་རྟོགས་སྐྱེས་ནས་འཆི་བ་ལ་རེ་བ་ཡིན། དེ་མ་ཐུབ་ན་སྤྲང་བ་ལ་རེ་བ་ཡིན་ཞུས་པས། འོ་སྙིང་སྟོབས་དེ་འདྲ་ཅིག་ཆོས་བྱེད་པ་ལ་དགོས་པ་ཡིན། རྣལ་འབྱོར་པ་གྲུབ་ཐོབ་གཅིག་གྱན་འདུག་གོ་ཨང་གསུང་ཞིང་། བླ་མས་ཨཱྃཿཧཱུཾ་མངོན་སུམ། གསང་སྐོར་རྗེ་བཙུན་མའི་ཁྲིད་ལ་སོགས་པ་བཏབ། ལོ་བཅུ་བཞིར་དཀའ་བ་སྤྱད་དེ་བསྒོམས་པས་ཆགས་མེད་ཞེན་མེད་ཀྱི་རྣལ་འབྱོར་ཆེན་པོ་ཅིག་བྱུང། ཡང་བླ་མའི་ཞལ་ནས། ཁྱོད་ཀྱི་སྐྱེ་བ་མང་པོའི་བཤེས་གཉེན་ཞིག་པོ་བདུད་རྩི་བྱ་བ་དབུས་ན་བཞུགས་པ། དེར་སོང་གསུང་བའི་ལུང་བསྟན་གནང་བ་བཞིན། ལྷ་ས་བསྐོར་མི་དང་བསྡེབས་བྱོན་པས། བཟད་དུ་བླ་མ་ཞིག་པོ་དང་མཇལ་དགྱེས་པའི་རྣམ་འགྱུར་དུ་མ་བསྟན་ཏེ། བསྙན་བརྒྱུད་སྐོར་གསུམ། ཨ་རོའི་གདམས་ངག་ལ་སོགས་པ་གནང་ཏེ། དབྱར་ཐོག་ཅིག་བཟད་ཕུའི་རི་ལ་གཅོང་ཞིའི་དཀའ་ཐུབ་མཛད་ཅིང་བསྒོམས། དགུན་ཞང་མཚལ་པ་ཞིག་པོས་སྤྱན་དྲངས་པ་དང་མཇལ། དབང་དང་གདམས་པ་མང་པོ་གསན། སླར་ཡང་སྲིབས་ཤ་རུའི་འཕྲང་གི་ཕུག་པར་ལོ་ཉི་ཤུ་རྩ་བཞིའི་བར་དུ་སྒྲུབ་པའི་དམ་བཅའ་མཛད་