[A:༡༧༠]སྟིའི་རྒྱ་མཚོ་ཆེན་པོ་ལ་འདོད་དགུར་ལོངས་སྤྱོད་པ་སོགས། མདོར་ན་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་རྒྱལ་སྲིད་བསྐྱངས་པའི་ཚུལ་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །རང་ཉིད་ཀྱང་ཕྱི་རོལ་ཏུ་རྒྱལ་སྲིད་ཀྱི་ཁ་ལོ་སྒྱུར་ཀྱང་ནང་དུ་ཡོངས་འཛིན་དམ་པ་རྣམས་བསྟེན་ནས་དེ་དག་གི་ཞལ་ལས་བྱུང་བའི་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་རྣམས་རྩེ་གཅིག་ཏུ་ཉམས་སུ་བཞེས་ཤིང་ཐུགས་ཚིམས་པར་མཛད་པ་ཡིན་ནོ། །ཇི་ལྟར་སྒྱུ་མ་སྤྲུལ་པའི་གཞོན་ནུ་ཡིས། །མིག་འཁྲུལ་ལས་བྱུང་དགའ་མར་རྩེ་བ་ལྟར། །སྲིད་ལ་ཞེན་པའི་དྲི་མས་དབེན་གྱུར་ཀྱང༌། །སྲིད་འདིར་འགྲོ་བ་འདུལ་བའི་གར་གྱིས་རོལ། །གང་ཞིག་འཕོངས་པའི་རལ་པའི་ཟུར་ཕུད་ཀྱིས། །ཞབས་སེན་ཟླ་དབང་གསར་པར་བཏུད་གྱུར་ཀྱང༌། །འབུམ་ཕྲག་ཁྲལ་གྱི་མུན་པས་གཙེས་པ་དང༌། །ལུས་སྲོག་མནར་བའི་ཁུར་གྱིས་དུབ་པ་དག །ཐུགས་རྗེ་འོད་རིས་དཀར་པོའི་ཟེར་བརྒྱ་ཡིས། །བྱུགས་པའི་མོས་ལ་དགའ་བདེའི་ག་བུར་གྱིས། །གཟེགས་མས་སྙིང་གི་ཚ་གདུང་མཐར་བྱས་ཏེ། །སྙན་པའི་བ་དན་དཀར་པོ་སྲིད་ན་གཡོ། །ཨེ་མ་ཤམ་བྷ་ལ་ཡི་ཕོ་བྲང་ཡིད་འོང་ནས། །རིགས་ལྡན་དབང་པོ་ཕྱོགས་འདིར་དུས་ཀྱི་འོངས་སམ་སྙམ། །ཁྱོད་ཀྱི་མཛད་པས་སྔོན་བྱོན་བོད་ཀྱི་ཆོས་རྒྱལ་རྣམས། །སྐྱེངས་ལྡན་ཞི་བའི་དབྱིངས་སུ་གཟིམས་ནས་བཏང་སྙོམས་བཞུགས། །ཕྱི་རུ་རླབས་ཆེན་སྤྱོད་པས་རྒྱལ་སྲིད་སྐྱོང༌། །ནང་དུ་རིམ་གཉིས་རྟོགས་པའི་རྩེ་མོར་སོན། །ཁྱོད་ཀྱི་སྒྱུ་འཕྲུལ་དྲ་བའི་ཟློས་གར་གྱིས། །ཨིནྡྲ་བྷཱུ་ཏཱི་རྡོ་རྗེའི་ཞིང་དུ་བྲོས། །དེ་ཡི་མཐུ་ལས་ཨཽ་ཌྜི་