[A:༡༥༥]ངག་གི་མཆོག་སྦྱིན་དེང་འདིར་སྩོལ། །གང་དག་རྒྱ་མཚོའི་གོས་ཅན་རྡུལ་སྙེད་ཀྱི། །རྒྱལ་བ་རྒྱ་མཚོའི་རྨད་བྱུང་ངོ་མཚར་གཏམ། །སྲིད་མཐའི་བར་དུ་དབྱངས་སུ་བསྒྲགས་པ་བས། །འདི་ན་མཚན་ལྡན་རྡོ་རྗེ་སློབ་དཔོན་གྱི། །ཡོན་ཏན་རྟོགས་པ་བརྗོད་པའི་ཆ་ཤས་ཙམ། །བརྗོད་པའང་བསོད་ནམས་བླ་ན་མེད་དོ་ཞེས། །སླུ་མེད་དམ་པའི་གཏམ་གྱིས་ཡིད་དྲངས་ནས། །བདག་གི་ཡིད་ནི་ཚུལ་འདིར་ཞུགས་པར་གྱུར། །ཟབ་ཡངས་སྤྲིན་ལམ་ཕ་མཐའ་ཡས། །གཉིས་སྐྱེས་གར་གྱིས་འཇལ་བ་དང༌། །གཏིང་ཟབ་ཆུ་གཏེར་ཆེན་པོའི་མཇིང༌། །རྔ་ཡབ་ཐིགས་པས་བགྲང་བ་ལྟར། །རྒྱལ་སྲས་སློབ་མ་བསེ་རུའི་ཚོགས་རྣམས་ཀྱི། །ཡུལ་ལས་འདས་པ་འཁོར་ལོའི་མགོན་པོ་ཡི། །སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་པ། །བདག་ལྟ་བྱིས་པའི་