[A:༣༩༠]ལྷ་བཅོ་བརྒྱད། དཔལ་འཁོར་ལོ་སྡོམ་པ་ལུ་ཧི་པའི་ལུགས། ཕག་མོ་མངོན་པར་འབྱུང་བ་ལྷ་སོ་བདུན། ཀུན་རིག་རྩ་བའི་དཀྱིལ་འཁོར། འོད་ཟེར་ཅན་ལྷ་ལྔ། ཚེ་དཔག་མེད་ལྷ་དགུ། རྣམ་འཇོམས། མ་ཎི་བཛྲ་ལྷ་བཅུ་དགུ། གཙུག་ཏོར་གདུགས་དཀར་མོ་ཅན་ལྷ་ཞེ་གཉིས། གཟུངས་གྲ་ལྔ་ལྷ་ལྔ་བཅུ་རྩ་གཅིག་རྣམས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས། ཟླ་བ་དྲུག་པའི་ཉེར་བརྒྱད་ནས་བདུན་པའི་ཚེས་བཞིའི་བར་ཞག་རེ་བཞིན་སྤྱི་སྒོས་ཀྱི་མཆོད་པ་རྒྱས་པ་གསར་དུ་བཤམས་པའི། སྒྲུབ་མཆོད་རྒྱས་པ་བདག་འཇུག་གི་དབང་བླང་བ་དང་བཅས་པ་ཚར་གཉིས་མ། ཞི་རྒྱས་ཀྱི་སྦྱིན་སྲེག །དཔལ་དུས་ཀྱི་འཁོར་ལོའི་མཆོད་གར་རྒྱས་པ་དང༌། དགོངས་རེ་བཞིན་ཡང་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཕྱག་ལེན་ཇི་ལྟ་བའི་ཆོས་སྐྱོང་རྣམས་ཀྱི་གཏོར་སྒྲུབ་བསྟོད་པའི་དབྱངས་རེས་སོགས་ཤིན་ཏུ་རྒྱས་པ། གུར་གྱི་མགོན་པོའི་གཏོར་ཆེན། སྟོབས་འཕྲོག་གདོང་བཞི་པའི་གཏོར་མ་ཞི་དྲག་རྣམས་ཀྱི་སྐབས་སུ་རང་རང་གི་འཆམས་ཤིན་ཏུ་རྒྱས་པ། དེ་དག་གི་སྐབས་སུ་བསྙེན་བཀུར་བ་ཤིན་ཏུ་ཕུན་སུམ་ཚོགས་པས་མཆོད་གནས་རྣམས་ཀྱི་དགོངས་པ་རྫོགས་ངེས། ཚོགས་ཀྱི་འཁོར་ལོ་རྒྱས་པ་ཚར་ཁ་ཡར་དང་བཅས་པ་བཙུགས་ཤིང༌། ཇི་སྲིད་ཉི་ཟླ་གནས་ཀྱི་བར་དུ་མི་ནུབ་ཅིང་གོང་འཕེལ་དུ་འགྱུར་བ་ཉིད་ཚུགས་པ་ལ་བརྟེན་ནས་འོ་ཡུག་སྡིངས་མ་དང༌། བསྲེག་ཤིང་རིན་ཆེན་སྒང་རྣམས་སུ་ཡང་དཀྱིལ་འཁོར་བཅུ་ཙམ་རེའི་སྒྲུབ་མཆོད་ལོ་རེ་བཞིན་མ་ཆག་པར་ཚུགས་པ་སོགས་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེའི་རྒྱུན་ལ་ཕན་ངེས་པ་འདི་ཡང་བདག་གི་བླ་མ་ཐུབ་པའི་བསྟན་པ་བླ་མར་མཛད་པ་འདིའི་འཕྲིན་