[A:༣༩༧]བྱ་བ་འདི་ནི། རྗེ་བཙུན་བླ་མ་དེ་ཉིད་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ཐོབ་པས་མཆོག་ཏུ་སྐལ་པ་བཟང་པོར་གྱུར་པའི་བཙུན་པ་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ལྕགས་མོ་བྱའི་ལོ། ཟླ་བ་དགུ་པའི་ཚེས་གསུམ་ལ་རྒྱུད་སྡེ་རྒྱ་མཚོའི་ཆོས་སྒྲ་རྒྱུན་མི་འཆད་པར་སྒྲོགས་པའི་གནས། དཔལ་སྦུག་རྣམ་པར་གྲོལ་བའི་རི་ཁྲོད་དུ། བླ་མ་དམ་པའི་ཡོན་ཏན་རྗེས་སུ་དྲན་བཞིན་པས་སྦྱར་བ་འདིས་ཀྱང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བླ་མ་དམ་པའི་ཡེ་ཤེས་ཀྱི་གཟིགས་པ་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།