[A:༡༢བ - ༡༣བ]སྒྲུབ་པར་བསྐོས། བསྟན་པ་སྤྱི་ལ་བཀའ་དྲིན་ཆེ་བ་འདི།། དཔལ་ལྡན་ས་སྐྱ་པའི་ཁྱད་ཆོས་ཡིན།། རྒྱ་གར་ཡུལ་གྱི་མུ་གཏེགས་སྟོན་པ་དྲུག།། རྟོག་གེ་མཁས་པའི་ང་རྒྱལ་གྱི་མཐོ་བ།། རིག་པས་ཚར་བཅད་རྗེས་སུ་བཟུང་བ་དི། དཔལ་ལྡན་ས་སྐྱའི་ཁྱད་ཆོས་ཡིན། དགེ་འདུན་ཁྲི་ཚོ་བཅོ་བརྒྱད་ཆོས་ར་གཅིག།། ཆུ་མིག་ཆོས་འཁོར་དགེ་འདུན་ཁྲི་ཚོ་བདུན།། ཨེ་ཡི་ཆོས་འཁོར་དགེ་འདུན་ཁྲི་ཚོ་བཞི།། སྨན་ཚེའི་ཡུལ་ཁམས་གཅིག་ལ་ལོ་གཅིག་ལ།། རྒྱའི་དགེ་སློང་དགེ་ཚུལ་སྟོང་ཕྲག་དང།། དགུ་བརྒྱ་ཟིན་པའི་མཁན་པོ་མཛད་པ་འདི།། དཔལ་ལྡན་ས་སྐྱའི་ཁྱད་ཆོས་ཡིན།། བསམ་ཡས་ཆོས་འཁོར་དགེ་འདུན་ཁྲི་ཚོ་གཉིས།། སོ་སོའི་ཕྱག་ཏུ་གསེར་ཞོ་རེ་ལྷག་དང། གཞན་ཡང་འབུལ་བ་གྱ་ནོམས་སྒྲུབ་པ་དང། སྐྱེ་བོ་འབུམ་ཕྲག་མང་པོའི་སྦྱིན་གཏོང་འདི།། དཔལ་ལྡན་ས་སྐྱའི་ཁྱད་ཆོས་ཡིན།། ཉི་མ་གཅིག་ལ་དངུལ་བྲེ་སྟོང་ཕྲག་གཅིག།། གོས་ཆེན་ཡུག་ཆེན་ལྔ་སྟོང་དགུ་བརྒྱ་དང།། བཞི་བཅུའི་འབུལ་བ་གཅིག་ཆར་བླངས་པ་འདི།། དཔལ་ལྡན་ས་སྐྱའི་ཁྱད་ཆོས་ཡིན།། ནོར་ལྷ་དམར་པོ་དཀོར་གསུམ་བྱིན་རླབས་ཀྱིས།། རྣམ་ཐོས་བུའི་ནོར་འདྲ་ཐོབ་པ་ལགས།། བསྟན་དང་གྲོ་ལ་ཆོས་སྦྱིན་སྟོང་ཕོད་འདི།། དཔལ་ལྡན་ས་སྐྱའི་ཁྱད་ཆོས་ཡིན།། མངའ་ཐང་ཆེ་བཙན་འདོད་ལ་དམ་ཁ་དང།། སྐྱེ་འགྲོ་ཡོངས་ལ་ནོར་གྱི་ཆར་འབེབས་ཤིང།། ཐར་འདོད་རྣམས་ལ་ཐར་ལམ་སྟོན་པ་འདི།། དཔལ་ལྡན་ས་སྐྱའི་ཁྱད་ཆོས་ཡིན།། པཎ་ཆེན་སུ་ག་ཏ་དང་སངྒ་ཤྲི།། ཛྙ་ན་ཤྲི་དང་ལཀྵམ་ཀ་ར་སོགས།། རྒྱ་གར་པཎ་ཆེན་མང་པོས་སྔགས་པ་འདི།། དཔལ་ལྡན་ས་སྐྱའི་ཁྱད་ཆོས་ཡིན།། རིགས་རུས་ཆོ་འབྲང་ཆེ་བའི་ཡོན་ཏན་དང།། སྐྱེ་སྟོབས་བློ་གྲོས་ཆེ་བའི་ཡ་མཚན་དང།། སྦྱང་སྟོབས་མཁྱེན་རབས་ཆེ་བའི་ཡ་མཚན་གསུམ།། འཇམ་དབྱངས་བཟོ་འོས་གཅིག་ཆར་སྒྲུབ་བསམ་སྙམ།། འགའ་ཞིག་ཕྱོགས་རེ་ཙམ་གྱིས་ཡིད་གང་ནས།། ཟབ་ཡངས་ཆོས་ཀྱི་རྒྱ་མཚོ་ས་སྐྱ་པ།། གཞན་བློའི་བུམ་པར་མི་ཆུད་གང་དེ་ནི།། ཁྲོན་གནས་སྦལ་པའི་རྗེས་འབྲང་མ་ལགས་སམ།། བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པའི་།། ཤིང་རྟ་ཆེན་པོའི་རིང་ལུགས་ལ་བཞུགས་ནས།། རྒྱ་ཆེར་ཆོས་ཀྱི་དཔལ་ལ་སྤྱོད་པ་གང།། བསྐལ་བཟང་བློ་གྲོས་ཆེན་པོས་ཤིས་པར་བྱོས།།
Colophon, ff. 13b7-14a3
ཞེས་བྱ་བ་འདི་ནི་མདོ་བརྒྱུད་མན་ངག་ཐམས་ཅད་གྱིསཀྱི་འབྱུང་གནས་སུ་གྱུར་པས་བཤད་སྒྲུབ་གཉིས་བཀའིཀའི་བསྟན་པ་རིན་པོ་ཆེའི་མངའ་བདག་ཆོས་ཀྱིས་བརྒྱལ་པོ་བརྗེ་ཙུནཀྱི་རྒྱལ་པོ་རྗེ་བཙུན་ས་སྐྱ་པ།། ཡབ་སྲས་ཀྱིསཀྱི་རིང་ལུགས་བཟང་པོ་ལ་མི་འཕྲོག་པའི་བློ་གྲོས་དང་དད་པ་ཐོབ་པ་།། ཤཀྱའིཤཱཀྱའི་དགེ་སློང་ཤཀྱཤཱཀྱ་དོན་གྲུབ་དཔལ་བཟང་པོས་མེ་མོ་སྦྲུལ་དམར་གསེར་ཅན་གྱི་ལོ་ཆུས་བཏོད་ཅན་གྱི་ཟླ་བ་ཡོངས་སུ་གང་བའི་ཚེས་བཅྭོ་ལྔ་ལ་སྫོགས་པར་བསྦྱརསྦྱར་བའི་དགེ་བས་བརྗེརྗེ་བཙུན་དཔལ་ལྡན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་