[A:༩ན]༄༅། །ལ་སྲས་གཉིས་འཁྲུངས་པའི། གཅེན་ཉི་མ་རྒྱལ་མཚན། གཅུང་ཟླ་བ་རྒྱལ་མཚན། གཅེན་གཞོན་ནུ་ལ་གཤེགས། གཅུང་རབ་ཏུ་བྱུང་བའི་མཚན་ཀུན་དགའ་རྒྱལ་མཚན། ཕྱིས་བླ་ཆེན་དུ་མཚན་གསོལ། འཁྲུངས་ས་ཞལ་ལུ་ཁང་གསར། དགུང་ལོ་བདུན་བཅུ་དོན་ལྔ་པ། ཤབ་དགེ་སྡིངས་སུ་གཤེགས། མདོར་ན་སྐུ་མཆེད་ལྕམ་དགུ་བྱོན། དེ་ལས་གྱེས་པའི་ཐོག་མར། རྟ་དབེན་ཆོས་ཀྱི་རྒྱལ་མཚན་བསྙེན་རྫོགས་མཛད་གོང། བཙུན་མོ་གསུམ་བཞེས་པའི་དང་པོ། ཡུལ་ཆུ་མདོ་བ། ཉེ་གནས་ནམ་མཁའ་དཔག་ཤིའི་ལྕམ་མོ། མིང་མ་གཅིག་རྒྱལ་མཚོ། དེ་ལ་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས། ས་མོ་གླང་གི་ལོ། ལྷ་ཁང་ཆེན་མོའི་ཤར་དུ་འཁྲུངས། དྲུག་བཅུ་རེ་བཞི་བཞེས་པ་ཆུ་ཕོ་འབྲུག་གི་ལོ་ལ་རྒྱས་གདན་དྲངས། ཤིང་མོ་སྦྲུལ་ལོ་དགུང་ལོ་བདུན་བཅུ་དོན་དགུ་པ་ལ། ལྷ་ཁང་ཆེན་མོའི་རྩེར་གཤེགས། བཙུན་མོ་གཉིས་པ་མ་གཅིག་ལྷ་སྐྱབས་ལ། སློབ་དཔོན་ཆེན་པོ་དྷརྨ་དྷོ་ཚ་དང། རྡོ་རྗེ་རིན་ཆེན་པ་འཁྲུངས། བཙུན་མོ་གསུམ་པ། ལྷོ་པ་དཔོན་ཆེན་འདེརོ་སེང་གེའི་སྲས་མོ། མིང་དཔོན་སྲས་ལྡན་པ་ལ། སློབ་དཔོན་ཆེན་པོ་བསོད་ནམས་བཀྲ་ཤིས་འཁྲུངས། བྱང་པ་གུའི་གུང་རིན་རྒྱལ་བ། འཇམ་དབྱངས་ནམ་རིན་རྣམས་དང་ཡུམ་གཅིག། ཏའི་དབེན་བཞི་ཐོག་པ་ཀུན་དགའ་རིན་ཆེན་