R873: དཔལ་ལྡན་ས་སྐྱ་པའི་འཁོན་གྱི་གདུང་རབས།

  • Pagination (Witness A): ༨བ
[A:༨བ]ཀུན་སྤངས་ཆོས་གྲགས་དཔལ་གྱི་ལྕམ་མོ། ཟུར་ཚོ་བ་བླ་མ་བྱམས་ཆེན་དང་ཡུམ་གཅིག། དེ་ལ་སྲས་ཏ་དབེན་བློ་གྲོས་རྒྱལ་མཚན། ཆུ་ཕོ་སྤྲེའུའི་ལོ་ཤར་ལ་ཟུག་ཏུ་སྐུ་འཁྲུངས། དགུང་ལོ་བཞི་བཅུ་པ་ལ་ལྷ་ཁང་བླ་བྲང་དུ་གཤེགས། དཔའི་ལེན་དབང་ཀུན་དགའ་ལེགས་པས། བཙུན་མོ་གཉིས་ཁབ་ཏུ་བཞེས་པའི་དང་པོ། ཡུལ་གུང་ཐང་བ། ཕ་མིང་ཁབ་པ། མིང་ལྷ་ཅིག་ཀུན་སྐྱོད་རྒྱལ་མོ། དེ་ལ་སྲས་སློན་དཔོན་བསོད་ནམས་འབུམ། སེང་གེ་སྒང་བླ་བྲང་དུ་འཁྲུངས། གཉིས་པ་ཏ་སྟེ་ངམ་རིངས་པ། ཕ་མིང་ཁང་གསར་བ། མིང་དཔོན་མོ་བསོད་ནམས་འབུམ། དེ་ལ་སྲས་གསུམ་འཁྲུངས་པའི་གཅེན་བླ་མ་བསོད་ནམས་བློ་གྲོས། ཆུ་ཕོ་སྤྲེའུའི་ལོ། སྟག་ཚང་སྒོ་ཁར་འཁྲུངས། དགུང་ལོ་སོ་དགུ་པ་ལ་གོང་དུ་སྐུ་གཤེགས། བར་པ་གཞོན་ནུ་ལ་གཤེགས། དེའི་གཅུང་ལེན་དབང་གྲགས་པ་རྒྱལ་མཚན་མེ་ཕོ་བྱི་བའི་ལོ། སྟག་ཚང་རྫོང་ཁར་འཁྲུངས། དགུང་ལོ་སོ་གཅིག་པ་ལ། དུས་མཆོད་བླ་བྲང་དུ་གཤེགས། བླ་མ་མཁན་བཙུན་ཆེན་པོ་དང། ཁང་གསར་བའི་དབོན་མོ་དེ་ཉིད་ལ། སྲས་བླ་ཆེན་ཀུན་དགའ་རིན་ཆེན་འཁྲུངས། མཐོང་སྨོན་བྱང་དུ། དགུང་ལོ་རེ་གཅིག་པ་ལ་གཤེགས། གཙང་ཆུ་མིག་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང། ཞལ་ལུ་མ། མ་ཅིག་གཞོན་ནུ་འབུམ་གྱི་ནུ་མོ། མ་ཅིག་ཡོན་ཏན་དཔལ་འབུམ་