[A:༥ན]༄༅། །སེང་གེ་ཆོས་རྗེ་བ་ལ་ཐུག། དེ་ལ་སློབ་དཔོན་ཟངས་ཚའི་བླ་བྲང་ཉིས་ཐོག་ཕོག། དེའི་་སྲས་གཅུང་པོ་གཅི་གི་སྲས་བླ་མ་ཀུན་སྨོན་ཡང་ཆོས་རྗེ་པ་ལ་ཐུག། དེའི་གཅུང་པོ་ཀུན་དགའ་མཛེས་སྐུ་མཆེད་གཉིས་ཀ་ཕྱིས་དཔོན་ཆེན་ཀུན་དགའ་བཟང་པོའི་ཕྱོགས་སུ་ཆད་ནས། བླ་མ་འཕགས་པ་དང་ཐུགས་མ་མཐུན་པས། སེ་ཆེན་གྱིས་ལུང་གིས་ཕྱུགས་ནས་གཅེན་པོ་སྨན་འཚེའི་ཡུལ་དུ་འདས། དེའི་དབོན་པོ་ཡོན་ཏན་དཔལ། ཕྱིས་དབོན་པོ་སངས་རྒྱས་དཔལ་ཟེར་བ་གཅིག་གིས་གདན་ས་བྱས། ༄༅། །གུང་པ་ལ་ཆོས་རྗེ་པའི་སློབ་མ་སྐྱོ་སྟོན་དྲི་མེད། དེ་ནས་ཨོན་རྒྱུད་མེད་པར་སློབ་མས་བདུན་ས་བཟུང་བ། བླ་མ་དར་མ་ཡེ་ཤེས། གུང་པ་དཔལ་རྒྱལ། གུང་པ་ཤེར་རྒྱལ། དགེ་བཤེས་བཀྲ་ཤིས་བཟང་པོ། ༄༅།།ཁང་གསར་རའི་རྒྱུད་ལ། གསུམ་པ་གྲགས་པ་རྒྱལ་གྱི་སྲས། བླ་མ་གྲགས་པ་འོད་ཟེར། བླ་མ་ཤར་པ་རྡོ་རྗེ་འོད་ཟེར་དང། ཡེ་པའི་བཙུན་པ་ཡིན། ཕྱིས་བླ་མ་འཕགས་པའི་སྐོན་སྙེར་རྒན་པ་མཛད། སློབ་དཔོན་