R875: དཔལ་ལྡན་ས་སྐྱ་པའི་གདུང་རབས་རགས་པ་དང་དཔོན་ཆེན་རིམ་པ་རྣམས་ཡོད།

  • Pagination (Witness A): ༥བ
[A:༥བ]དྷརྨ་པ་ལའི་ཕྱགས་ཕྱི་ལ་གོང་དུ་བྱོན། བླ་མ་དུས་འཁོར་བའི་རྗེས་ལ། སེ་ཆེན་གྱི་དུས་སུ། མཛད་ནས་དགུང་ལོ་ལྔ་བཅུ་རྩ་བརྒྱད་ལ་གོང་དུ་འདས། དེའི་གཅུང་པོ་སྲས་བླ་མ་སངས་རྒྱས་དཔལ་གྱི་དུས་ན། ཁང་གསར་བླ་བྲང་བཟུང། གོང་དུ་ཨོལ་ཇ་དུ་དང། གོ་མུག་རྒྱལ་པོ། བུ་ཡན་ད་རྒྱལ་པོ་གསུམ་གྱི་བར་དུ་ཏི་ཤྲི་མཛད་ནས། དགུང་ལོ་བཞི་བཅུ་ཞེ་བརྒྱད་པ་ལ་གོང་དུ་འདས། དེའི་སྲས་བླ་མ་གྲགས་པ་རྒྱལ་མཚན་པས་གུ་ཤྲི་མཛད། ཀུན་སྤངས་མཛད་པའི་ངང་དགུང་ལོ་ཉི་ཤུ་རྩ་དྲུག་ལ་གྲོངས། ཁང་གསར་ཏའི་ཕས་སྤུན་རིང་བའི་རྒྱུད་སློབ་དཔོན་ཆེན་པོ་ཉི་མ་རྒྱལ་མཚན་གོང་གུ་ཤྲི་མཛད་འདས། ད་ལྟ་སློབ་དཔོན་ཆེན་པོ་བདེ་ལེགས་རྒྱལ་མཚན་པ་བཞུགས། ༄༅།།ས་སྐྱ་པའི་དཔོན་ཆེན་ལ་སྔ་བ་ཤཀྱ་བཟང་པོ་ལ། བླ་མ་ཆོས་རྗེ་པ་བྱང་ངོས་སུ་འབྱོན་དུས། བླ་མ་འུ་ཡུག་པ་དང་ཤར་པ་ཤེར་འབྱུང་མ་གཏོགས་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་ཕྱག་འཚལ་དུ་བཅུག་ནས་གདན་ས་ལྟ་བུར་འོངས། བླ་མ་འཕགས་པའི་དུས་སུ། སེ་ཆེན་གྱི་ལུང་གིས་དབུས་གཙང་གིས་རྣམས་བླ་བྲང་མིན། དབན་ཧུའི་དམ་ཁ་བྱིན་ནས་