[A:༡ན]༄༅། ། སྦ་སྟི་ཡི་དུམ།དཔལ་ལྡན་ས་སྐྱ་པའི་གདུང་རབས་ན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ནང་བློན་དུ་གཏོགས་པ་འཁོན་དཔལ་པོ་ཆེའི་སྲས་བཞི་པའོ།། ཁྲི་མཛེས་ལྷ་ལེགས། ཚེ་ལ་དབང་ཕྱུག། འཁོན་ཀླུའི་དབང་པོ་སྲུང་པ་ཆེ་འཛིན་ནོ། གསུམ་པ་དེ་སད་མི་མི་བདུན་གྱི་དྲུག་པ་ཡིན། བཞི་པའི་སྲས་རྡོ་རྗེ་རིན་པོ་ཆེའི་སྲས་གཉིས་སོ། ཤེས་རབ་ཡོན་ཏན། ཡོན་ཏན་འབྱུང་གནས། གཅུང་པོའི་སྲས་ཚུལ་ཁྲིམས་རྒྱལ་པོ། དེ་ལ་སྲས་གཉིས། རྡོར་རྗེ་གཙུག་གཏོར། དགེ་སྐྱབས། འདི་ལ་སྲས་གཉིས། དགེ་མཐོང་དུང། བལ་པོ། དེའི་སྲས། ཤག་ཀྱ་བློ་གྲོས་སོ། དེ་ཐམས་ཅད་སྔགས་རྙིང་མའི་ཡོན་ཏན་དུ་ལྡན་ནོ།། དེའང་སྲས་གཉིས། གཅུང་པོ་ཤེས་རབ་ཚུལ་ཁྲིམས། ཚངས་སྤྱོད་བསྲུང་ངོ།། གཅུང་དཀོན་མཆོག་རྒྱལ་པོ། ཤིང་ཕོ་ཁྱི་ལ་འཁྲུངས། ཆུ་ཕོ་བྱི་བ་ལ་ས་སྐྱ་བཏབ། དགུང་ལོ་དྲུག་བཅུ་རྩ་དགུ་པ་ཆུ་ཕོ་རྟ་ལ་འདས། དེའི་སྲས། ས་ཆེན་ཀུན་དགའ་སྙིང་པོ་ཆུ་ཕོ་སྤྲེའུ་ལ་འཁྲུངས། བླ་བྲང་ཤར་དུ་བཞུགས་དགུང་ལོ་དྲུག་བཅུ་རྩ་བདུན་པ་ལ། ས་ཕོ་སྟག་གི་དབྱུག་གུའི་བཅུ་གཉིས་ལ་འདས། དེའི་སྲས་གཅེན་ཀུན་དགའ་འབར། གཉིས་པ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་