R875: དཔལ་ལྡན་ས་སྐྱ་པའི་གདུང་རབས་རགས་པ་དང་དཔོན་ཆེན་རིམ་པ་རྣམས་ཡོད།

  • Pagination (Witness A): ༡བ
[A:༡བ]མོ་ཆུ་ཕོ་ཁྱི་ལོ་པ་བཞི་བཅུ་ཞེ་གཅིག། ཆུ་ཕོ་སྟག་སྨལ་པོ་ཚེས་བཅུ་གཅིག་ལ་འདས། གསུམ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་མེ་མོ་ཡོས་སྨལ་པའི་ཚེས་བརྒྱད་ལ་འཁྲུངས། ས་སྐྱའི་དབུ་རྩེ་རྙིང་མ་མཛད། དགུང་ལོ་བདུན་བཅུ་པ་མེ་མོ་བྱི་བ་ཁྲ་ཟླ་བའི་བཅུ་གཉིས་ལ་འདས། བཞི་པ་དཔལ་ཆེན་འོད་པོ་ལྕགས་ཕོ་རྟ་སྨིན་དྲུག་ཟླ་བའི་ཉེར་ལྔ་ལ་འཁྲུངས་པ། ལྔ་བཅུ་རྩ་བཞི་པ་ཆུ་མོ་ཕག། ལྟེའུ་ཉེར་གཅིག་ལ་འདས། དེ་སྲས་གཉིས། གཅེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཆུ་ཕོ་སྟག་ཁྲ་ཟླ་བའི་ཉེར་དྲུག་ལ་འཁྲུངས། པཎ་ཆེན་ཤཱཀྱ་ཤི་ལ་སོགས་མཁས་པ་རྣམས་བསྟེན་ཅིང་རིག་པའི་གནས་ལྔ་མཁྱེན། བླ་བྲང་ཤར། ཤར་པ་ཤེས་རབ་འབྱུང་ལ་བཏད་ནས། བཞི་ཐོག་བཏབ། རྒྱལ་བུ་བྱང་ངོས་པ་གོ་དན་གྱིས་གདན་འདྲེན་བྱུང་ཞིང། སྔར་རྗེ་བཙུན་པའི་ལུང་བསྟན་པ་ལ། དུས་ཕྱིས། བྱང་ངོས་ཕྱོགས་ནས་མི་སྐད་རིགས་མི་གཅིག་པ། ཞྭ་ཁྲ་ཕུར་པ་འདྲ་བ། ལྷམ་ཕག་པའི་སྣ་འདྲ་བས་གདན་འདྲེན་བྱུང་པ་ལ། བྱོན་ན་བསྟན་པ་ལ་ཕན་ཞེས་པ་བཞིན། ཤིང་ཕོ་འབྲུག་དྲུག་བཅུ་རྩ་གསུམ་པ་ལ་ཁུ་དབོན་གསུམ་བྱོན་ནོ།། ལམ་དུ་ལོ་གསུམ་འགོར། རྟ་ལོ་ལ་བྱང་ངོས་སུ་ཕེབས། རྒྱལ་པོས་གོ་ཡུག་གན་རྒྱལ་སར་སྟོན་པའི་མཇལ་འཕྲད་