R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༤༣༡
[A:༤༣༡]བྲན་དུ་འཁོལ་བས་མཐུ་སྟོབས་ནུས་པ་ཕུལ་དུ་ཕྱིན། སྐུའི་དོག་ཆ་སེལ་བ་ལ་མགོན་པོ་ཞལ་གྱི་རྗེས་གནང་ཞུས་ཤིག་པའི་བརྡར་ཆོས་སྐྱོང་ཨཱ་ཙརྻ་ཐོད་འཕྲེང་བཟུང་བར་སྤྲུལ་ནས་ཁྱོད་མི་རུས་ཀྱི་འཕྲེང་བ་འདི་བཟུང་ན་ཁེ་ཆེ་སྟེ་མི་འཛིན་པ་འདུག་ཟེར། ཞམ་རིང་པར་གཏོགས་པ་ཞིག་གིས་ཀ་ཅ་མང་པོ་ཁྱེར་བ་ན་གཞན་ཞིག་ལ་མོན་པུ་ཏྲ་བབས་ཏེ་ང་མངའ་རིས་ན་ལ་རྩེ་ནས་འོངས་པའི་འབའ་ར་ཡིན། པུ་ར་ཡིན། རྐུན་མ་བསམ་ཡས་འཇའ་དཀར་ན་ཡོད་པ་ལ་ཁྱེད་ཚོ་མགོ་གཏུམས་ནས་སྡོད་དམ་ཟེར་བའི་ཁུངས་སྟོན་པ་སོགས་སྲུང་མ་རྣམས་ཀྱིས་འཕྲིན་ལས་མཐའ་དག་གཡེལ་མེད་དུ་བསྒྲུབ། Disciples ཐུགས་དམ་ཟབ་མོའི་ཁོར་ཡུག་ལ་བཞུགས་པའི་ཐུན་མཚམས་ཚོར་འཕགས་པ་རིན་པོ་ཆེའི་དབོན་བརྒྱུད་སློབ་དཔོན་བློ་གྲོས་རྒྱལ་མཚནགསང་ཕུའི་གདན་ས་པ་རིན་ཆེན་རྣམ་རྒྱལ། ཁྱད་པར་ཡབ་འཇམ་དབྱངས་ཆེན་པོའི་རྩ་བའི་བླ་མ་དབོན་རྒྱལ་མཆོག་པ་སོགས་ལ་གསེར་ཆོས་སྙན་བརྒྱུད་ཀྱི་ཟབ་ཆོས་རྒྱ་ཆེར་སྩལ་བས་དེང་སང་གི་བར་དུ་རྗེ་བཙུན་གོང་མའི་བསྟན་པའི་སྲོག་ཏུ་སོང༌། གཞན་ཡང་གདུལ་བྱ་སོ་སོའི་བློ་དང་འཚམ་པའི་ཆོས་འཁོར་རྒྱ་ཆེར་བསྐོར། བརྟག་གཉིས་ཀྱི་ཊཱི་ཀ་དང་ཀུན་རིག་གི་དཀྱིལ་འཁོར་སོགས་ཐུགས་རྩོམ་མང་དུ་མཛད། སྐབས་ཤིག་མར་ངོའི་ཚེས་བཅུ་ལ་དྲུང་ཆོས་རྗེ་པའི་དུས་དྲན་གྱི་སྒྲུབ་མཆོད་མཛད་པའི་ཚེ་ཐོ་རེངས་བླ་མའི་རྣལ་འབྱོར་ཚར་གཉིས་བསྒོམས་ནས་ཅུང་ཟད་འོད་གསལ་དུ་སོང་བའི་ངང་དུ་སྲིད་གསུམ་འགྲན་ཟླ་བྲལ་བའི་ཆོས་རྗེ་དེ་ཉིད་བྱོན་ཏེ་འོ་འདི་ཡིན་ཏེ་ཞེས་པ་གསུང་བྱོན་པས་དངོས་སུ་མཇལ་བ་ལས་བརྒྱ་འགྱུར་གྱིས་ལྷག་པའི་