R89: གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨོའི་དགའ་ཚལ་ལས། དཔལ་ས་སྐྱ་པའི་རིང་ལུགས་སྐོར།

  • Pagination (Witness A): ༩༧
[A:༩༧] གཞན་ཡང་སྒ་སྟོད་དུ་སྐྱེར་སྐུ་དོན་གྲུབ་གླིང་སོགས་ཆོས་སྡེ་ཆེ་ཕྲ་དུ་མ་དང་། ཨ་མདོ་རྔལྔ་པའི་ནང་གདུ་བུ་ཆོས་རྗེའམ་ཨ་ལི་ཆོས་རྗེར་གྲགས་པའི་གདན་ས། སྔགས་དང་མཚན་ཉིད་ཟུང་འབྲེལ་གྱི་གྲྭ་གཙང་ཆེ་བས་མཚོན། སྟོད་མངའ་རིས་ནས་བཟུང་སྟེ། སྨད་ཙཱིཅཱི་ནའི་ཡུལ་གྲུ་ལ་ཐུག་གི་བར་དུ་ཆོས་སྡེ་ཆེ་ཕྲ་མང་དུ་མཆིས་པ་སོ་སོར་སྨོས་ཀྱིས་མི་ལང་བ་ཉིད་དོ། །དེར་མ་ཟད་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས་འདིར་གྲུབ་པའི་མཐའ་མི་འདྲ་བ་དུ་མ་ཞིག་མཆིས་ཀྱང་། དེ་དག་ཕལ་ཆེར་དངོས་དང་བརྒྱུད་པའི་སྒོ་ནས་རྗེ་བཙུན་ས་སྐྱ་པའི་རིང་ལུགས་ལས་བྱུང་བ་དང་གུས་པ་ཅན་ཤ་སྟག་ཡིན་ཏེ། གསང་སྔགས་རྙིང་མར་གྲགས་པའི་སོ་ཟུར་གནུབས་གསུམ་གྱི་གདུང་རིགས་དང་། སྤྲུལ་པའི་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་སོགས་བཀའ་གཏེར་གྱི་སྐྱེས་ཆེན་དུ་མ་དང་། བཀའ་གདམས་བྱ་ཡུལ་བ། དོ་ཀོང་བ། ནམ་མཁའ་འབུམ། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རིག་པའི་རལ་གྲི་སོགས་ཆེན་པོར་རློམ་པ་དུ་མས་ཀྱང་ཆོས་རྗེ་ཁུ་དབོན་གྱི་གསུང་གི་བདུད་རྩི་བླངས། བསིལ་ལྗོངས་ཐུབ་པའི་རྒྱལ་ཚབ་རྔོག་ལོ་ཆེན་པོའི་རྒྱུད་འཛིན་རིག་པའི་དབང་ཕྱུག་ཕྱྭ་པ་ཆེན་པོ་དང་། ཉང་བྲན་པ་ཆོས་ཀྱི་སེངྒེ་སོགས་ཀྱིས་ས་ཆེན་གྱི་དངོས་སློབ་