[B:43b] གཞོན་པའི་དུས་སུ། རྒྱ་སྨན་གྱི་དགོན་དཀར་དུ་གཅིག་པུར་བཞུགས་ཏེ་མངོན་པ་ཀུན་ལས་བཏུས་ཐུགས་ལ་བཟུང་བའི་ཚེ། ཐུགས་ཉམས་ཀྱི་གསལ་སྣང་ལ། དབུ་སྔས་ཕྱོགས་སུ་གཅིག་ཡོད་པ་སྙམ་བྱེད་ནས་གཟིགས་པས། གསེར་སྡིངས་ཀྱི་རྒྱལ་པོ་དེ། རས་ཕྱམ་དང་ཞྭ་ཐེབ་གྱོན་ནས་འདུག་པ་ལ། སྐུ་ལུས་ལས་བསྲུང་བའི་འཁོར་ལོ་བསྒོམ་པ་རྒྱ་ཇེ་ཆེར་བཏང་བས་ཁོ་ལྟག་པ་དགྱེད་དགྱེད་ཕྱི་འབྲོས་སུ་འབྲོས་པར་བརྩོམ་པ་ན། སླར་འཁོར་ལོ་ཆེས་ཆེར་སྙིང་གར་ཟིན་ཙམ་དུ་བསྐྱེད་པས། ཞྭ་ཐེབ་རྒྱབ་ལ་བསྐྱུར་ནས་རིངས་པར་བྲོས་སོང་། དེ་དུས་གསང་སྔགས་ཀྱི་ཡི་གེ་གསུམ་གྱི་གོ་དོན་ཙམ་མེད་ནའང་། བསྒོམ་པའི་ལས་འཕྲོ་ཡོད་ཚོད་འདུག་པ་མ་གཏོགས། དེ་འདྲའི་བསྲུང་འཁོར་བྱེད་པ་མི་དྲན་གསུང་བ་ལྟར་བར་ཆད་ལས་རྣམ་པར་རྒྱལ་བར་གྱུར་ཞིང་། དགུང་ལོ་བདུན་བཅུ་རྩ་གཅིག་པ་རྟའི་ལོ་ལ་
1462ལོ
སྟག་ལུང་དུ། ཆོས་ཀྱི་རྗེ་རིན་པོ་ཆེ་ཀུན་མཁྱེན་ངག་གི་དབང་པོས་སྤྱན་དྲངས་ནས། ཆོས་ཟབ་ཅིང་རྒྱ་ཆེ་བ་འབུལ་བ་གནང་བའི་སྐབས་ཟླ་བ་བཅུ་གཉིས་པའི་ནུབ་གཅིག་གི་མནལ་ལམ་དུ། རྩེས་ཐང་གི་ཟུར་ཁང་ཤར་ཡིན་པ་སྙམ་བྱེད་པའི་ཁང་པ་ཅིག་ན་བཞུགས་འདུག་པ་ལ། བནྡེ་ཇོ་སྟོན་པའི་ཆ་ལུགས་བྱས་པ་ཞིག་བྱུང་ནས། ཁྱེད་འདིར་མི་བཞུགས་པར་གཤེགས་པར་ཞུ་ཟེར་བས། དེ་དང་ལྷན་དུ་ཁང་པའི་ཕྱི་རོལ་དུ་ཕེབས་པའི་ཚེ། [A:103]དེ་ཁ་དོག་ཐལ་སྐྱར་སྣང་བས་བར་ཆད་ཀྱི་མཚན་མར་དགོངས་ཏེ། ང་མི་འགྲོ་ཁྱོད་རང་སོང་ཞེས་ལྕགས་རི་སྣང་བའི་ཁ་ནས་དེའི་ལག་པ་ལ་བཟུང་སྟེ་བསྐྱུར་བས་རྩ་བར་ལྷུང་སོང་ཡང་། དེ་ན་རེ། དེ་སྐད་མི་གསུང་བར་ལན་ཅིག་འབྱོན་པ་འཐད་ཟེར་བ་ལ། ང་མི་འགྲོ་གསུང་བས། ད་ལན་མི་ཕེབས་ན་འདི་ཙམ་ལ་འབྱོན་གྱི་དུས་ངེས་དགོས་ཟེར་བ་ལ། དུས་ཚིགས་དགོས་ན་ཁྱོད་སོང་ནས་ལོ་བརྒྱ་ན་ང་འོང་གཞན་མི་འགྲོ་ཞེས་ནང་དུ་བཞུད་པའི་ཕྱི་བཞིན་དུ་དེ་འབྲངས་ཤིང་། སླར་ནན་ཏན་དུ་ཞུ་བར་བྱེད་པའི་ཚེ། ད་ཁྱོད་སྤང་བྱར་མི་བྱེད་དང་དུ་བླངས་ནས་མཆོད་པ་ཡིན་གསུང་། སྟན་སྙིང་ངེ་བ་ལ་བཞག་ཅིང་ཕྱག་མཛད་པར་བརྩམས་པས། དེའི་མོད་ལ་བྲོས་སོང་བ་ཞིག་བྱུང་བའི་ཞག་ཤས་ན་སྐུ་ཁམས་ཅུང་