R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༠༡ན
[A:༥༠༡ན]མཆོག་སྒྲོལ་གིང་མ་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ།
(༢༨)
གནོད་སྦྱིན་ལྕམ་དྲལ་གྱི་ལས་སྦྱང་ཕྲིན་ལས་ལྷུན་གྲུབ།
(༢༩)
མགོར། དཔལ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་ཡོད་པའི་གནོད་སྦྱིན་དབང་གི་རྒྱལ་པོ་ལྕམ་སྲིང་གི་སྐོང་བ་
(༣༠)
ཨ་མོ་གྷས་མཛད་པའི་མགོར། ཀྱེ། དུས་གསུམ་རྒྱལ་བའི་བསྟན་སྲུང་ཁྱད་པར་ཅན། ཞེས་ཡོད་པའི་
(༣༡)
གནོད་སྦྱིན་བཤན་པ་འཁོར་བཅས་ཀྱི་བསྐང་གསོ་རྒྱས་པ་
(༣༢)
དང་བཅས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི།
(རིན་ ངང་ སུ་)
རྟགས་ཅན་རྗེས་གནང་གསུམ་བཅས་མ་གཏོགས་པའི་ལུགས་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། དྲུག་པ་རྡོ་རྗེ་འཆང་། མ་ཧཱ་དེ་ཝ། ཨ་ཙརྻ་ཉི་འོད་གྲགས་པ། དེ་སྲས་ཟླ་བ་ནག་པོ། པཎྜི་ཏ་ག་ཡ་དྷ་ར།
ཤྲཱིདྷ་ར་ཀྲ་ཤུདྡྷའང་ཟེར་ལམ་འབྲས་པའི་ག་ཡ་དྷར་དང་ནི་མ་གཅིག །
གཉན་ལོ་ཙཱ་བ་དར་མ་གྲགས། གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། རྭ་པ་ཤོད་བུ་བཀྲ་ཤིས་འོད་ཟེར། ས་བཅུའི་དབང་ཕྱུག་འདར་ཕྱ་རུ་བ་རིན་ཆེན་བཟང་པོ། ཆོས་རྒྱལ་བོ་དོང་པ།