R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༠༡བ
[A:༥༠༡བ]བརྩོན་འགྲུས་རྡོ་རྗེ། དེ་སྲས་སངས་རྒྱས་རིན་ཆེན། སློབ་དཔོན་ཤེས་རབ་རྒྱ་མཚོ། བླ་མ་བསོད་ནམས་དབང་ཕྱུག །ལྕང་སྤེ་བ་སེང་གེ་འབུམ། མུས་སྲད་པ་ཀུན་མཁྱེན་དཔལ་ལྡན་སེང་གེ ། ཆོས་རྗེ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་མ་གཞོན་ནུ་དཔལ་བ། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན། རྒྱུད་གསུམ་སྨྲ་བ་ཤེས་རབ་རིན་ཆེན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། གོང་ས་ངག་དབང་བློ་བཟང་རྒྱ་མཚོ། འ་ཞྭ་མཁྱེན་རབ་རྣམ་རྒྱལ། མཁན་ཆེན་འཇམ་དབྱངས་བསྟན་འཛིན། ཞ་ལུ་མཁན་ཆེན་མཉྫུ་ཤྲི། མཚུངས་མེད་བྷིཀྵུ་པུཎྱེ་སྣང་བྱེད། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ངག་དབང་རབ་བརྟན་རྒྱལ་མཚན། གྲུབ་མཆོག་འཇམ་དབྱངས་བཞད་པ། འཁོར་ལོའི་མགོན་པོ་བློ་གྲོས་འོད་ཟེར། གྲུབ་དབང་བྱམས་པ་བསྟན་འཛིན། ལྔ་རིག་ཀུན་དགའ་བཀྲ་ཤིས། མཁས་གྲུབ་ཤེས་རབ་འོད་ཟེར། ས་སྐྱ་པ་རིན་ཆེན་ཚུལ་ཁྲིམས་དབང་ཕྱུག་དཔལ་བཟང་པོ།