R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༠༤ན
[A:༥༠༤ན]དཔལ་དུར་ཁྲོད་བདག་པོའི་རྗེས་གནང་མཁན་ཆེན་རྡོ་རྗེ་འཆང་ངག་དབང་
བློ་གྲོས་གཞན་ཕན་སྙིང་པོ་དང་། ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་བསྟན་འཛིན་སྙིང་པོ་གཉིས་ལས་ཐོབ་པའི་བརྒྱུད་རིམ་གོང་སྒྲུབ་བཏུས་ལྟར་དང་།
ལས་ཚོགས་བེའུ་བུམ་འབྲིང་པོའི་ལྗགས་ལུང་ལེགས་པར་ཐོབ་པའི་བརྒྱུད་ཐོ་འགོད་པ་ལ།
(ཀ)
པར་དུར་ཁྲོད་བདག་པོའི་གསང་བ་སྙིང་རྒྱུད་ལེའུ་བརྒྱད་པ།
(ཁ)
པར་དཔའ་བོ་ཆེན་པོ་ཡབ་ཡུམ་གྱི་ལོ་རྒྱུས།
(ག)
པར་ཨོ་རྒྱན་གླིང་གི་དཔའ་བོ་ཆེ། །དུར་ཁྲོད་བདག་པོའི་གསང་རྒྱུད་དོན། །ལེགས་བཤད་མན་ངག་རྒྱ་མཚོ་ལས། །རྩ་བའི་ལས་བཞི་ལྷུན་གྲུབ་བཞུགས།།
(ང)
པར། སྣ་ཚོགས་བྱེད་པའི་ཉམས་ཡིག་དང་། །ཐུན་མོང་མིན་པའི་བསད་བཟློག་བསྒྲལ། །རྒྱ་མཚོ་རྣམ་པར་གཡོ་བའི་རླབས།
(ཅ)
།ཁྱད་རྟེན་ཉི་ཟླ་སྐར་གསུམ།
(ཆ)
ཕྲིན་ལས་དངོས་གྲུབ་ཆར་འབེབས།
(ཇ)
ཚོགས་མཆོད་དཔའ་བོའི་དགའ་སྟོན།
(ཉ)
ཡོན་ཏན་རིན་ཆེན་འཁོར་ལོ།
(ཏ)
རྟེན་སྐུ་སྦ་བའི་མན་ངག །
(ཐ)
འབྲུ་འཕེལ་མ་མོའི་ལོ་ཏོག་དེའི་མན་ངག །
(ད)
དངོས་གྲུབ་འདོད་འཇོའི་བ་མོ།
(ན)
གཏེར་མཛོད་རིན་ཆེན་འབར་བ།
(པ)
ཆུ་གཏེར་འདོད་ཡོན་འབྱུང་གནས།
(ཕ)
རྒྱན་བཀོད་ཡིད་འཕྲོག་ལྕགས་ཀྱུ།
(བ)
རྣམ་རྒྱལ་