R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༠༣བ
[A:༥༠༣བ]ཡོད་རྒྱལ་མཚན། དེ་སྲས་ཀུན་དགའ་རྒྱལ་མཚན། དེ་སྲས་དགེ་འདུན་རྒྱ་མཚོ། སེ་ར་རྗེ་བཙུན་ཆོས་རྒྱན། ཆོས་རྗེ་བདེ་བཤེགས་ཉི་མ། ཤར་ཆེན་ནམ་མཁའ་རྒྱལ་མཚན། ཆོས་ཆེ་རིན་ཆེན་གཤིན་རྗེ། རྗེ་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། རྒྱལ་མཆོག་ལྔ་པ་བློ་བཟང་རྒྱ་མཚོ་མན་འདྲ། ཡང་འཁོར་མང་གི་རྗེས་གནང་
(འདར)
(སུ)
རྟགས་ཅན་གྱི་བརྒྱུད་པ་ལུགས་གཅིག་ནི། འཁྲུལ་ཞིག་རཏྣ་བྷ་དྲ་ནས། དེ་སྲས་སྔགས་འཆང་གཞོན་ནུ་སྟོབས་ལྡན། སྔགས་འཆང་ཕྱག་ན་རྡོ་རྗེ། ཕ་རྒན་གུ་རུ་རིན་པོ་ཆེ། སྙིང་རི་བ་རྒྱལ་སྲས་འདར་ནག་བདེ་བཟང་པོ། ངག་དབང་བློ་བཟང་རྒྱ་མཚོ་མན་འདྲ། མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ཕྱི་རྟེན་གཟུངས་འཛུག་པའི་ལག་ལེན་གྱི་ལུང་བརྒྱུད་ནི། བཀའ་འབུམ་བཞིན་ནོ། འོན་ཀྱང་ད་རུང་འདིར་དཔྱད་པར་བྱ་བ་རྗེས་གནང་གཉིས་ཀའི་བརྒྱུད་པའི་སྨད་སོ་སོར་གྱེས་ཚུལ་དང་། བེའུ་བུམ་གྱི་ལུང་བརྒྱུད་ཀྱི་སྨད་ཀྱང་རྗེས་གནང་དང་ཕྱོགས་བསྒྲིགས་སུ་ཡོད་མེད་ཅུང་ཟད་བརྟགས་བྱར་བཅས་ལྡན་ལོ་ཆེན་པོའི་གསན་ཡིག་གདངས་ཅན་རོལ་པའི་ཆུ་གཏེར་དུ་སྣང་ངོ་།། །།