[A:༥༠༥བ]ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས། ངག་དབང་རྡོ་རྗེ་རིན་ཆེན། མཁའ་སྤྱོད་ཌཱ་ཀིའི་དབང་མོ་སྐལ་བཟང་ཆོས་ཀྱི་ཉི་མ། མཁན་པོ་བྱམས་པ་བཀྲ་ཤིས་ཆོས་འཕེལ། ཐོ་ཡོན་བློ་བཟང་ཚེ་རིང་། ཡེ་ཤེས་བསྟན་འཛིན། ཤར་ཟུར་ཉི་མ་རྒྱལ་མཚན། ལྷོ་སྤྲུལ་རིན་པོ་ཆེ་བློ་བཟང་ཆོས་གྲགས་རྒྱ་མཚོ། མཚུངས་མེད་བྱམས་པ་བསྟན་འཛིན་ཕྲིན་ལས་རྒྱ་མཚོ། གང་རྒྱ་ངག་དབང་བྱང་ཆུབ་ཚུལ་ཁྲིམས། མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་འཁོན་རིགས་སུ་སྐྱེས་པ་ལའོ།། །།
༒ འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་སློབ་དཔོན་འགྲོ་བཟང་སྙིང་པོས་རྒྱུད་དང་མན་ངག་སོགས་ལ་བརྟེན་ནས། རྒྱལ་བའི་བསྟན་པ་རིན་པོ་མདོ་སྔགས་སྤྱིའི་ཆོས་སྐྱོང་བའི་སྲུང་མ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཞི་བ་ནོར་དུ་སྒྲུབ་པ་དང་། དྲག་པོ་མཐུ་རུ་སྒྲུབ་པའི་ཆོ་ག་སོགས་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་མང་དུ་མཛད་པའི་སྐོར་རྣམས། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་སོགས་ནས་བརྒྱུད་དེ། རྒྱུད་དང་མན་ངག་བཀའ་གཏེར་གསར་རྙིང་གིས་སྐོར་