R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༠༦ན
[A:༥༠༦ན]བསམ་གྱི་མི་ཁྱབ་པ་གངས་ཅན་གྱི་ལྗོངས་སུ་བཞུགས་པ་ལ་སྔོན་དུ་འགྲོ་བ་རྗེས་གནང་གི་སྐོར་དང་། རྒྱུད་རྒྱ་གཞུང་སོགས་ཀྱི་པོད་ཀྱི་ལུང་གཉིས་ལས། དང་པོ་ནི། རྡོ་རྗེ་འཆང་ཚར་ཆེན་བློ་གསལ་རྒྱ་མཚོས་ཡོངས་འཛིན་མང་པོའི་ཞལ་སྒོ་ལས་གསན་ཅིང་རྣམ་སྲས་རིགས་མི་འདྲ་བ་ལྔ་ཕྲག་གསུམ་གྱི་ཆོས་སྐོར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་རྗེས་གནང་གི་ཆོག་ཁྲིགས་དངོས་གྲུབ་འདོད་འཇོ་ཞེས་པ་མགོན་པོ་བསོད་ནམས་མཆོག་ལྡན་གྱི་མཛད་པའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་རིམ་དང་བཅས་པ་སྐབས་དང་པོ་ཡབ་རྗེ་རྡོ་རྗེ་འཆང་ཆེན་ནས་ཟབ་ཆོས་ནོས་སྐོར་བསྟན་པའི་སྐབས་སུ་སོང་ནས། གཉིས་པ་ལུང་གི་སྐོར་ནི། དཔལ་ཆོས་སྐྱོང་བའི་རྒྱལ་པོ་དེ་ཉིད་ཀྱི་བཀའ་གངས་ཅན་གྱི་ལྗོངས་འདིར་ཡོད་དོ་ཅོག་རྣམས་སྙན་བརྒྱུད་རྒྱ་མཚོའི་མངའ་བདག་ཚར་པ་ཐམས་ཅད་མཁྱེན་པ་བློ་གསལ་རྒྱ་མཚོར་བཀའ་བབས་པར་བརྟེན། དཔལ་ས་སྐྱ་པའི་སྐྱེས་མཆོག་ཐམས་ཅད་ཀྱིས་ཉམས་ཞེས་མཛད་ཅིང་། ཁྱད་པར་འཇམ་མགོན་ཀུན་དགའ་བསོད་ནམས་ཀྱི་ཞི་དྲག་གི་པོད་གཉིས་སུ་བསྡོམས་ཏེ། དཀར་ཆག་ཏུ་བཀོད་པར་མཛད་པ་དེ་ཕྱིན་རྣམ་སྲས་