R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༠༦བ
[A:༥༠༦བ]པོད་ཅེས་ཡོངས་སུ་གྲགས་པའི་སྐོར་ཐོབ་པ་ལས། ཐོག་མར་རྣམ་སྲས་ཞི་བ་གཙོ་བོར་སྟོན་པའི་གླེགས་བམ་ལ་
(ཀ)
དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་མཁན་པོ་ཏེ་ཛ་དེ་བ་དང་། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བ། ཐུན་མཚམས་སུ་གཏོར་མ་གཏང་བའི་ཆོ་ག་དང་། རྫས་སྔགས་སྨན་གྱི་འཁྲུལ་འཁོར། བསྣན་པའི་འཁྲུལ་འཁོར། སྲེག་ཆོག་བཅས་ལེ་ཚན་དྲུག་འགྲོ་བཟང་སྙིང་པོས་མཛད་པ་དང་གྱུར་གོང་འདྲ། དཔུང་བཟང་ནས་གསུངས་པའི་ཁྲུས་ཆོག །
(ཁ)
གར་མཁན་མཆོག་གི་རྒྱུད་ལེའུ་བཅུ་དྲུག་པ། ཁ་ཆེ་དྷ་ན་གུཔྟ་དང་། རབ་ཞི་ལོ་ཙཱ་བས་བསྒྱུར་བ།
(ག)
སྣ་ཚོགས་གྲུབ་པའི་རྒྱུད་ལེའུ་ཉི་ཤུ་རྩ་བདུན་པ་འགྱུར་བྱང་མི་གསལ་བ།
(ང)
རྒྱུད་རིན་ཆེན་འབྱུང་བ་ལེའུ་བཅུ་དགུ་པ། ཁ་ཆེ་དགོན་པ་བ་དང་། ལོ་ཙཱ་བ་ཡེ་ཤེས་རྡོ་རྗེའི་འགྱུར།
(ཅ)
སྣ་ཚོགས་དག་པའི་རྒྱུད་ལེའུ་སུམ་ཅུ་པ་འགྲོ་བཟང་སྙིང་པོས་མཛད་པ།
(ཆ)
གསེར་འོད་འབར་བའི་ཊིཀྐ་བདེ་བྱེད་ཀྱི་རྟོགས་པ་རྫོགས་སོའི་མཐའ་ཅན།
(ཇ)
དྲག་བྱེད་ཁྲོས་པའི་ཕྲིན་ལས་སྒྲུབ་ཚུལ་དམར་ཁྲིད་དུ་ཤེས་པར་བྱའོའི་མཐའ་ཅན།
(ཉ)
གསེར་འོད་འབར་བའི་གཟུངས་