R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༠བ
[A:༥༡༠བ]རྣམས། སྐྱོ་མོ་ལུང་དུ་ཡི་གེ་བྲིས་པའི་མཐའ་ཅན།
(ཙི)
ཡང་གསང་སྒྲུབ་ཐབས་གཙང་སྟོན་གྱིས་ཞུས་སོའི་མཐའ་ཅན།
(ཚི)
ཞལ་གདམས་རིན་ཆེན་ཕྲེང་བ་གོང་དང་ཅུང་ཟད་མི་འདྲ་བ།
(ཛི)
རྣམ་སྲས་ཞི་དྲག་གི་རྗེས་གནང་། ཕྲིན་ལས་བཞིའི་རྗེས་གནང་། བྱ་སྡིར་ལུགས་ཀྱི་སྟོན་པ་བཛྲ་རཏྣས་མཛད་པའི་མཐའ་ཅན། ༒ པོད་གཉིས་པར།
(ཀ)
གནོད་སྦྱིན་དབུག་ཏོ་ཅན་གྱི་རྒྱུད་ལེའུ་བདུན་པ་གཡུ་སྒྲ་སྙིང་པོའི་འགྱུར། དེ་ལས་བསྡུས་པའི་ཚེ་སྒྲུབ་བི་མ་མི་ཏྲས་མཛད་པ།
(ཁ)
རྣམ་སྲས་དམར་པོའི་སྒྲུབ་ཐབས་དགོས་འདོད་འབྱུང་བ། འཛད་མེད་མཛོད་ལ་སྤྱོད་པར་ཤོག་གི་མཐའ་ཅན།
(ག)
སྒྲུབ་ཐབས་དགོས་འདོད་འབྱུང་བ་རྡོ་རྗེ་འཛིན་པ་ཆོས་འཕགས་ཀྱིས་མཛད་པ།
(ང)
མདུང་དམར་ཅན་གྱི་ལས་ཚོགས་འཁོར་ལོ་བྲི་ཐབས་རྫོགས་སོའི་མཐའ་ཅན།
(ཅ)
མདུང་དམར་ཅན་གྱི་གསང་སྒྲུབ་ཁམས་གསུམ་དབང་སྡུད། རིག་འཛིན་རྒྱ་མཚོའི་མཐའ་ཅན།
(ཆ)
ཡོན་ཏན་རིན་ཆེན་འབྱུང་བའི་རྒྱུད་ལེའུ་བཅུ་གཉིས་པ། འཕྲད་པར་ཤོག་གི་མཐའ་ཅན།
(ཇ)
ལས་བྱང་ཕྱི་