R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༡ན
[A:༥༡༡ན]ནང་གསང་གསུམ། རྟགས་ཡིག །ལས་བྱང་རི་རྒྱལ་ལྷུན་པོ་བཅས། ཀུན་སྐྱོང་གི་གདམས་པའི་མཐའ་ཅན།
(ཉ)
རྣམ་སྲས་སེང་གེ་བུ་བདུན་གྱི་ཆ་ལག་ལས་ལོ་རྒྱུས་ནས་དྲག་སྔགས་སྒྲུབ་བརྒྱུད་བར་དང་། དྲེགས་པ་སྤྱི་སྒྲུབ་བསྐུལ་རི་རྒྱལ་ལྷུན་པོ། དེའི་ལས་བྱང་གཅིག་སྒྲིལ། དྲེགས་པ་ཡོངས་བསྒྲིལ་གྱི་མན་ངག །ངན་སྔགས་དྲག་པོ་ཡོངས་དྲིལ། བསྐུལ་མི་མངོན་མ་རྣམས་གནོད་སྦྱིན་ཤིང་རྟའི་རྒྱུད་ལས་སློབ་དཔོན་ཆོས་ཀྱི་རྡོ་རྗེས་བསྡུས་པ།
(ཏ)
རྟ་བདག་བརྒྱད་ཀྱི་མན་ངག་ལས། ཡང་དག་ཤེས་ལ་བརྟེན་ནས་མངོན་ཤེས་དང་དབང་ཕྱུག་སྒྲུབ་པ། གང་བཟང་ལ་བརྟེན་ནས་དམག་ཟློག་པ། ནོར་བཟང་ལ་བརྟེན་ནས་ནོར་སྒྲུབ་པ། ཀུ་བེ་ར་ལ་བརྟེན་ནས་ཆོམ་རྐུན་འཆིང་བ། ལྔས་རྩེ་ན་ལ་བརྟེན་ནས་ཚེ་སྒྲུབ་པ། ཛམྦྷ་ལའི་ཕྱག་མཚན་བི་ཛཔུ་རའི་དབང་སྡུད། ནེའུ་ལེའི་ཟས་ནོར་སྒྲུབ་པ། བ་དན་གྱིས་དམག་ཟློག་པ། འབྲོག་གནས་ཀྱི་དགྲ་བསད་པ། པཉྕི་ཀུཎྜས་ཆུ་འཁྱག་སྲུང་བ་རྣམས་ཁྲོ་ལོའི་ཞལ་གདམས།
(ཐ)
ཀུ་བེ་ར་ལ་བརྟེན་ནས་རྟའི་གོད་ཁ་སྲུང་བ།
(ད)
གནོད་སྦྱིན་སྟག་མདའི་