R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༣བ
[A:༥༡༣བ]ཕྲིན་ལས། བཀའ་དྲིན་ཟླ་མེད་ཤར་འཁོར་མཁན་པོ་རྗེ་བློ་བཟང་སྨོན་ལམ། ཁྱབ་བདག་བྱམས་པ་བསྟན་འཛིན་ཕྲིན་ལས་རྒྱ་མཚོ། གཟིམས་འོག་པ་བྱམས་པ་ཀུན་དགའ་བསྟན་འཛིན། བཀའ་དྲིན་མཚུངས་མེད་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ལའོ། །
(ཀོ)
རྟགས་ཅན་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སློབ་དཔོན་ཀ་མ་རཱུ་པ། སློབ་དཔོན་ཀ་ར་ཙ་བ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་པྲཛྙཱ་ན། ཁ་ཆེ་ཏེ་ཙཱ་དེ་བ། ཀམ་པོ་ཇི། སུ་མ་ཏི་ཀཱིརྟི། ཀོང་པོ་རི་པ། ཁྲོ་ལོ་མན་འདྲ།
(འ)
རྟགས་ཅན་གྱི་བརྒྱུད་པ་ནི། མཛད་པ་པོ། སྤོས་ཁང་པ་མཁན་ཆེན་རིན་ཆེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་འཆང་། མཁན་
(༡༠)
ཀུན་དགའ་བློ་གྲོས། པཎ་ཆེན་བསོད་ནམས་བློ་གྲོས། ཤམྦྷ་ལ་ཀུན་དགའ་སངས་རྒྱས། ཚར་ཆེན་མན་འདྲ།
(འབྲོམ)
རྟགས་ཅན་གྱི་བརྒྱུད་པ་ནི། ཕྱག་རྡོར། སངས་རྒྱས་གསང་བ། ལོ་ཙཱ་བ་མཉྫུ་ཤྲཱི། ལ་གསུམ་རྒྱལ་བ་བྱང་ཆུབ། པཎྜི་ཏ་ཁ་ཆེ་དཀར་པོ། ཟངས་དཀར་ལོ་ཙཱ་བ། འབྲོམ་སྡེ་ཉི་མ། དགེ་བཤེས་ལོ་ཙཱ་བ། སླེའུ་