R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༤ན
[A:༥༡༤ན]ཚུར་སྟོན། སླེའུ་སྟོན་པ། གྲུ་སྟོན་སྨོན་ལམ། ཇོ་སྲས་ནས་རིམ་པར་བརྒྱུད་དེ། ཤམྦྷར་ཀུན་དགའ་སངས་རྒྱས། ཚན་ཆེན་མན་འདྲའོ། །
(བི)
རྟགས་ཅན་གྱི་བརྒྱུད་པ་ནི། ཁྲོ་ལོ་ཡན་རྟགས་མེད་དང་འདྲ། མཁན་གཙང་པ་དབང་ཕྱུག་གྲགས། མཁས་པ་ཡོན་ཏན་གྲགས། མཁན་ཆེན་དམ་པ་བཙོན་འགྲུས།། ཐོག་སྟོན་ཤེས་རབ་རྡོ་རྗེ། བླ་མ་རིན་ཆེན་རྒྱལ་མཚན། བླ་མ་རིན་ཆེན་དཔལ། བླ་མ་རིན་ཆེན་ཆོས་གྲགས། བླ་མ་ཤཱཀྱ་ཡེ་ཤེས། མཁན་ཆེན་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག །ཆོས་རྗེ་ཀུན་དགའ་ཚེ་འཕེལ། སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཚར་ཆེན་མན་འདྲའོ།
(ཞི)
རྟགས་ཅན་གྱི་བརྒྱུད་པ་ནི། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མུས་ཆེན་རྣམ་རྒྱལ་དཔལ་བཟང་། ཤམྦྷར་ཀུན་དགའ་སངས་རྒྱས། བོད་མཁར་མཻཏྲི་དོན་གྲུབ་རྒྱལ་མཚན་མན་འདྲའོ། ། དེ་ལྟར་རྣམ་སྲས་ཞི་དྲག་པོད་གཉིས་ཀྱི་དཔེ་ཚན་བསྒྲིགས་རིམ་དང་ལུང་བརྒྱུད་གོང་བཀོད་འདི་ནི་ཁོ་བོས་པོད་གཉིས་ཀྱི་ལུང་། མཁན་རིན་པོ་ཆེ་ངག་དབང་བློ་གྲོས་རིན་ཆེན་ལས་ཞུས་ཤིང་། དེའི་གསན་ཡུལ་ན་ལེནྡྲའི་གཟིམས་འོག་སྤྲུལ་སྐུ་བྱམས་པ་ཀུན་