R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༡ན
[A:༥༢༡ན]ས་ཆེན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་བཟང་བསྟན་འཛིན། མ་ཧཱ་པཎྜི་ཏ་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་ཆེན་བསོད་ནམས་རྒྱལ་མཚན། རྡོ་རྗེ་འཆང་ངག་དབང་བློ་གྲོས་སྙིང་པོ། རྡོ་རྗེ་འཆང་གཞན་ཕན་སྙིང་པོ། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་ལའོ།། །། ལུང་ལ་ས་བཅད་ལྔ་པ་དང་། ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ། སིནྔྷུ་རའི་བྱིན་རླབས་ཀྱི་ཡི་གེ་གསུམ་དོར་བའི་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ས་བཅད་དང་པོ་དང་ལྔ་པའི་
(བློ)
རྟགས་ཅན་དང་། མན་ངག་ཚང་བར་ཐོབ་པའི་བརྒྱུད་པ་ནི། ས་ཆེན་ཀུན་དགའ་བློ་གྲོས་ཡན་ཚར་ལུགས་ཐུན་མོང་མ་ཡིན་པའི་རྗེས་གནང་གི་སྐབས་དང་འདྲ། དེ་ནས་པཎ་ཆེན་ཀུན་དགའ་བཀྲ་ཤིས། ས་སྐྱ་པ་སྔགས་འཆང་ཀུན་དགའ་རིན་ཆེན། དེ་སྲས་ངག་དབང་རྡོ་རྗེ་རིན་ཆེན། མ་ཧཱ་པཎྜི་ཏ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་ཆེན་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། འདུལ་འཛིན་སྙན་གྲགས་ཐར་པ། མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་