R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༡བ
[A:༥༢༡བ]འཛིན། རྗེ་བླ་མ་རིན་པོ་ཆེ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ལའོ།། །། ཡང་ན། ཀུན་བློ་ནས། ཀུན་བཀྲས། འཇམ་མགོན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་བཀྲ་ཤིས་རིན་ཆེན། པཎྜི་ཏ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། བྱམས་པ་སྙན་གྲགས་ཐར་པ། བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་རིན་པོ་ཆེ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ལའོ།། །། ཐུན་མོང་བ་
(ཧཱུཾ)
རྟགས་ཅན་གྱི་བརྒྱུད་པ་ལུགས་གཅིག་ནི། ངོར་ཆེན་ཡན་ངོར་ལུགས་ཀྱི་རྗེས་གནང་གི་བརྒྱུད་པ་དང་འདྲ་ལ། དེ་ནས་མུས་ཆེན། གུ་གེ་པཎྜི་ཏ། རྒྱལ་ཚབ་གསུམ་གས་གསན། ཕྱི་མ་གཉིས་ལས་གློ་བོ་མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང། རྩེ་གདོང་བསོད་ནམས་ལྷུན་གྲུབ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མན་འདྲ། ཡང་བཤད་མ་ཐག་པའི་ལུགས་སྲོལ་སོ་སོ་དང་། འབྲོག་མི་ནས་བརྒྱུད་པ་གཉིས། མན་ངག་ཕྲ་མོ་རེ་གཉིས་མིན་པ་རྗེས་གནང་དང་།