R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༢ན
[A:༥༢༢ན]ཆོས་སྐོར་ཐམས་ཅད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང། བདག་མེད་མ། བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ། ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། སེ་སྟོན། ཞང་སྟོན། ས་ཆེན་མན་འདྲ།
(སྒོ)
རྟགས་ཅན་རྣམས། བདག་ཆེན་བློ་གྲོས་རྒྱལ་མཚན་ཡན་ཚར་ལུགས་ཀྱི་བརྒྱུད་པ་དང་འདྲ། དེ་ནས་སྒོ་རུམ་པ་ཀུན་དགའ་ལེགས་པ། རྗེ་མཁྱེན་བརྩེ་མན་འདྲ།
(བློ)
རྟགས་ཅན་རྣམས། ངོར་ཆེན་ནས། བཞི་ཐོག་པ་ཀུན་དགའ་དབང་ཕྱུག །པཎ་ཆེན་ཤཱཀྱ་མཆོག་ལྡན། བྲག་དཀར་སེམས་དཔའ་ཆེན་པོ། རྗེ་གྲོལ་མཆོག། མཁྱེན་བརྩེ་མན་འདྲ། ས་བཅད་གཉིས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བའི་ལུང་བརྒྱུད་ནི། རྡོ་རྗེ་འཆང། ཀླུ་སྒྲུབ། ཀླུའི་བྱང་ཆུབ། དགའ་རབ་རྡོ་རྗེ། བླ་མ་རྡོ་རྗེ་གདན་པ། བླ་མ་ཨཱརྱ་པ་ལོ། བཻརོ་ཙ་ན་བཛྲ། རྗེ་བཙུན་གནས་ནང་པ། དེ་ནས་རིམ་པར་བརྒྱུད། རྗེ་ཕྱོགས་ལས་རྣམ་རྒྱལ། ཚར་ཆེན་རྡོ་རྗེ་འཆང། མཁྱེན་བརྩེ་མན་འདྲ། ཌོམྦྷི་ཧེ་རུ་ཀའི་ལུགས་ཀྱི་སིནྡྷུ་རའི་དཀྱིལ་འཁོར་དུ་གསང་སྒྲུབ་ལྷ་ལྔའི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི།