R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༣ན
[A:༥༢༣ན]གཟིམས་སྤྲུལ་རིན་པོ་ཆེ། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ལའོ།། །། ལུང་གི་བརྒྱུད་པ་ནི། ཀུན་བློ་ཡན་འདྲ། དེ་ནས། པཎ་ཆེན་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། འཇམ་མགོན་རྡོ་རྗེ་རིན་ཆེན། ཀུན་མཁྱེན་མཁྱེན་བརྩེའི་དབང་པོ། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། འདུལ་འཛིན་སྙན་གྲགས་ཐར་པ། གཟིམས་འོག་མཆོག་སྤྲུལ་རིན་པོ་ཆེ། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ལའོ།། །། ཡང་ན། ཀུན་བཀྲས་ནས། འཇམ་མགོན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་བཀྲ་ཤིས་རིན་ཆེན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་གོང་འདྲའོ།། སྤྱིར་རྟགས་ཡོད་མེད་ལ་མ་ལྟོས་པའི་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། མཁན་ཆེན་ངག་དབང་ཆོས་གྲགས་ཡན་གོང་བཞིན་ལ། དེ་ནས། བྱམས་པ་ངག་དབང་རྣམ་རྒྱལ། ས་སྐྱ་པ་ཀུན་དགའ་བཀྲ་ཤིས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མན་འདྲའོ།། ས་བཅད་བཞི་པ་ཀུན་མཁྱེན་བཀྲས་རྣམ་པས་མཛད་པའི་ཡི་གེའི་ལུང་བརྒྱུད་ནི།