R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢༣བ
[A:༥༢༣བ]མཛད་པ་པོ་ནས། སྤྱན་སྔ་བ་བསོད་ནམས་ལྷ་དབང། ཆོས་རྗེ་ཀུན་དགའ་བཀྲ་ཤིས། རྗེ་ཕྱོགས་ལས་རྣམ་རྒྱལ། ཚར་ཆེན། མཁྱེན་བརྩེ། དབང་རབ། བསོད་ནམས་ཆོས་འཕེལ། ངག་དབང་ཆོས་གྲགས། བྱམས་པ་བསོད་ནམས་མཐའ་ཡས། ས་སྐྱ་པ་ཀུན་དགའ་བཀྲ་ཤིས། རྨོར་ཆེན་མན་འདྲ། ས་བཅད་ལྔ་པ་རྟགས་མེད་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ས་སྐྱ་པ་འཇམ་མགོན་རྡོ་རྗེ་རིན་ཆེན། ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ངག་དབང་བློ་གྲོས་སྙིང་པོ། མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ། འདུལ་འཛིན་སྙན་གྲགས་ཐར་པ། བྱམས་པ་ཀུན་དགའ་བསྟན་འཛིན་མན་གོང་འདྲའོ།། །།
(དྷཱིཿ)
རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས། མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན། རྡོ་རྗེ་འཆང་ངག་དབང་བློ་གྲོས་སྙིང་པོ། འདུལ་འཛིན་སྙན་གྲགས་ཐར་པ་མན་གོང་བཞིན་ནོ།། །།
(ཤྲཱི)
རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། ཤར་བླ་མ་ཀུན་དགའ་དཔལ་ལྡན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་འདྲ།། རྒྱུད་པདྨ་གར་དབང་གི་རིགས་སུ་གཏོགས་པ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོགས་པའི་རྗེས་སུ་འབྲང་སྟེ་