R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༢བ
[A:༥༢བ] རླུང་རེངས་པ་ལྔ་འཆོས་པ་སོགས་ཀྱི་ཐབས་བླ་མའི་ཞལ་ལས་ལྟོས་པ་ཁྲག་དེ་ཉིད་བསྐོལ་ཏེ་སྤོད་ཀྱིས་བྲན་ནས་གཏོང་གི་མཐའ་ཅན།
འདི་ལ་ཚོ་བཞི་ཡོད།
ལྷོ་བྲག་དཀར་སྟོན་གྱིས་ཞུས་པ་གཞན་ལ་མེད་པའི་གེགས་སེལ་གསང་བདུན་མ། མགོར་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ས་བོན་ཞེས་ཡོད་པའི་གེགས་སེལ་གླེང་བཞི་མ། རི་བོང་གི་རིལ་མ་འདྲ་བ་ཆུ་དང་བཅས་ནས་སྟན་ཐོག་བྱུང་བས་སེལ་ལོའི་མཐའ་ཅན། འབྱུང་བ་ལུས་འཁྲུགས་སོགས་སེལ་བའི་ཐབས་གེགས་སེལ་ཞེས་གནད་དུ་གྲགས་པ་འདི་དག་ཐམས་ཅད་ཉམས་མྱོང་རྗེས་སུ་དྲན་པའི་ཚད་མ་ལས་ཤེས་པར་བྱའོའི་མཐའ་ཅན།
འདི་ལ་ནང་གསེས་ཚོ་ཉི་ཤུ་ཡོད།
དམར་ཆོས་ཀྱི་རྒྱལ་པོས་ཞུས་པའི་གེགས་སེལ་བཀའ་རྒྱ་མ་ཤིན་ཏུ་དྲིན་ཆེ་གསུང་ངོའི་མཐའ་ཅན། མགོར་གཞན་དབང་རྟེན་འབྲེལ་ཞེས་ཡོད་པའི་གེགས་སེལ་ཡི་གེ་བཞིའི་ཞལ་ཤེས་འདི་ལ་གོམས་ན་མཚན་སུམ་ཅུ་རྩ་གཉིས་ཐོབ་གསུང་ངོའི་མཐའ་ཅན། མགོར་ཛཱ་ལེནྡྷ་ར་ཞེས་ཡོད་པའི་ཕྲིན་ལས་སོ་གཉིས་ཀྱི་སྡོམ་ཚིག་བུདྡྷ་ཤྲཱིས་མཛད་པ། དེའི་ཞལ་ཤེས་མགོར་ལག་གཉིས་བསྣོལ་བ་ཞེས་ཡོད་པར་མོས་