[A:༥༣ན]
བརྡེག་གི་མཐའ་ཅན། ས་སྐྱ་པ་ཆེན་པོས་མཛད་པའི་དབང་བཞིའི་ངོ་སྤྲོད། དེའི་རང་འགྲེལ། བརྡ་དོན་གསལ་བའི་རྩ་འགྲེལ་ས་པཎ་གྱིས་མཛད་པ། ལམ་འབྲས་ལྷོ་པའི་ཟིན་བྲིས། བསྐྱེད་རིམ། རླུང་། བྱིན་རླབས། ཕྱག་རྒྱ་མ། ཕྱག་རྒྱ་ཆེན་པོ། རྟེན་འབྲེལ་ཏེ་གནད་དུ་ཆེ་བ་དྲུག་གི་གདམས་པ། ས་པཎ་གྱིས་མཛད་པའི་རྟེན་འབྲེལ་ལྔས་ལམ་ལྔ་ཡོངས་སུ་རྫོགས་པ། ལམ་བསྡུས་པ་འདོད་པའི་ལྕགས་ཀྱུ། ལམ་འབྲིང་པོ་བྱ་བ་ཡིན་གསུངས་པའི་མཐའ་ཅན། ཕྱག་རྒྱ་ཆེན་པོའི་དབྱེ་བ་མནལ་ལམ་བཅས་ས་པཎ་གྱིས་མཛད་པ། དེས་མཛད་པའི་འཁོར་ལོ་བཞིའི་རྒྱ། ཚོགས་སྦྱོར་གཉིས་ཀྱི་མངོན་རྟོགས་འཕགས་པས་མཛད་པ། ལམ་བསྡུས་པའི་བཤད་པ་བླ་མའི་གསུང་ལ་བརྟེན་ནས་བྲིས་པ། ལམ་བསྡུས་པའི་སྒྲུབ་པའི་ལུང་སྦྱིན་པ་ས་པཎ་གྱིས་མཛད་པ། རྗེ་ས་ཆེན་གྱིས་མཛད་པའི་གསུང་བཅུའི་རྒྱས་གདབ། ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བའི་ཁ་སྐོང་དམར་གྱིས་མཛད་པ།
གཉིས་པ་ཉེ་བརྒྱུད་ལ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་ས་པཎ་གྱིས་མཛད་པ། རྒྱས་པའི་ལས་