[A:༥༣༠བ]བྱང་གི་མཐའ་ཅན། མཉེས་པར་བྱ་བའི་ཕྱིར་གཏོར་མ་འབུལ་བ་རྫོགས་སོའི་མཐའ་ཅན། བསྟོད་པ་སུམ་ཅུ་རྩ་གསུམ་པ་ཨ་མོ་གྷ་བཛྲས་མཛད་པ་རྣམས་སོ། །
༈ ལྔ་པ་གསེར་ཆོས་ཀྱི་གསང་སྒྲུབ་ཕྱག་བཞི་པའི་ཡིག་རྙིང་ལ། མགོར། དཔལ་ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། ཚེ་འདི་ལ་བསོད་ནམས་ཆེ་བ་ཞེས་ཡོད་པའི་གསང་སྒྲུབ་དམར་པོ་ཕྱག་བཞི་པའི་ཡིག་རྙིང། སྡོང་གྲོགས་གྱིས་ཤིག་གི་མཐའ་ཅན། དེའི་རྟེན་བཅའ་བ་སོགས་ཀྱི་ཞལ་གདམས་དམ་པ་ཀུན་དགའ་གྲགས་ཀྱིས་ཡི་གེར་བཀོད་པའོའི་མཐའ་ཅན། བསྟོད་ཅིང་གསོལ་བ་འདེབས་པ་ནོར་གྱི་རྒྱུར་གྱུར་མ་འཕགས་པ་རིན་པོ་ཆེས་མཛད་པ། ཚོགས་བདག་ཡང་གསང་དྲག་པོ་བཙན་ཐབས་སུ་སྒྲུབ་པའི་ཉིང་ཁུ་ཟབ་མོ། ཕྱག་གཉིས་པའི་སྒྲུབ་ཐབས་སྦྱིན་སྲེག་སྤོགས་ཆོག་དང་བཅས་པ་བླ་མ་ས་སྐྱ་པ་ཆེན་པོས་མཛད་པ། ཚོགས་བདག་གླང་པོའི་གཟུགས་སྒྲུབ་ཐབས་ཀྱི་སྒོ་ནས་ནོར་སྦྱིན་པའི་ཞལ་གདམས་ཞེས་པ་གླང་པོ་ཆེའི་གཟུགས་ལ་བརྟེན་ནས་སྒྲུབ་པ་རྗེ་བསམ་གཏན་གླིང་པའི་ཕྱག་དཔེ་དངོས་ལས་བཤུས་པ་རྣམས་སོ། །
༈ ས་བཅད་ལྔ་པ་འདི་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་གསན་