R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༠ན
[A:༥༣༠ན]རྫོགས་སོའི་མཐའ་ཅན། གནད་ལ་དབབ་པ་རྒྱ་བརྩོན་སེང་གི་མན་ངག་ཤིན་ཏུ་ཟབ་པ། གནད་ལ་པོར་བ་བཟླས་པའི་ཞལ་ཤེས་སྦྱིན་སྲེག་གི་ལས་མེད་ཐབས་མེད་དོའི་མཐའ་ཅན། མགོར། བསད་པའི་ལས་རྟའི་ཕྲུ་མའམ། སྤོགས་པའི་ཡིག་ཆུང་ཡིད་ལ་བྱའོའི་མཐའ་ཅན། ཡང་ཇོ་བོ་རྗེའི་གདམས་པ་ཚོགས་བདག་དཀར་པོ་ཕྱག་བཞི་པ་སློབ་དཔོན་ཨ་མོ་གྷ་ནས་བརྒྱུད་པའི་སྐོར་ལ། འཕགས་པ་ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །ཚོགས་བདག་སྒྲུབ་པའི་རྟེན་གྱི་གང་ཟག་གིས། ཞེས་མགོར་ཡོད་པའི་ཚོགས་བདག་དཀར་པོ་གླང་གདོང་ཕྱག་བཞི་པའི་སྒྲུབ་ཐབས་མ་མཐོང་བར་དུའོའི་མཐའ་ཅན། པཎྜི་ཏ་ཨ་ཀ་ར་དྲིལ་དུར་ཁྲོད་ཕུང་ལུང་ནག་པོར་སྐྱེ་བ་སྔོན་མའི་ཡོན་བདག་དང་འཕྲད་པའི་ལུང་བསྟན་བྱུང་ཚུལ་སོགས་ཀྱི་ལོ་རྒྱུས། བར་འདིར་དཀར་ཆག་ན་ཚོགས་བདག་དཀར་པོ་ཤ་བའི་གདོང་ཅན་གྱི་སྒྲུབ་ཐབས་ཟེར་བ་ཞིག་འདུག་ཀྱང་དཔེ་མ་འབྱོར་བས་ལུང་མ་ཐོབ་ཟེར་བ་འདུག ། ཚོགས་ཀྱི་བདག་པོའི་གསང་སྒྲུབ་ཨ་མོ་གྷ་བཛྲས་མཛད་པ་མཁན་པོ་དཱི་པཾ་ཀ་ར་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། ཚོགས་ཀྱི་བདག་པོ་སྒྲུབ་པའི་མན་ངག་ངེས་པར་དབང་དུ་འགྱུར་རོའི་མཐའ་ཅན། སྐུ་ལ་རབ་གནས་བྱ་ཐབས་རྫོགས་